ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཨུ་རི་སུའི་ཙུང་ཐུང་འདེམ་བསྐོ་རྒྱལ་ཁའི་ངང་བསྡུས་པ་དང་ཕུའུ་ཅིན་གྱིས་བསྟུད་མར་ཨུ་རུ་སིའི་ཙུང་ཐུང་གི་འགན་ཁུར་བར་རྟེན་འབྲེལ་ཞུས། ཞི་ཅིང་ཕིང་གིས་བསྟན་དོན། སྐུ་ཞབས་ཙུང་ཐུང་ལགས་ཀྱིས་བདེ་བླག་ངང་བསྟུད་འགན་འཁུར་བར་འདེམ་བསྐོ་བྱས་པ་དེ་ནི་ཨུ་རུ་སིའི་མི་དམངས་ཀྱི་ཡང་དག་པའི་གདམ་གསེས་ཡིན། སྐུ་ཞབས་ཙུང་ཐུང་ལགས་ཀྱི་མགོ་ཁྲིད་འོག་ཏུ་ཨུ་རུ་སིའི་མི་དམངས་ཀྱིས་མུ་མཐུད་དུ་སྟོབས་ཤུགས་གཅིག་བསྡུས་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ཁྲོད་དུ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད། མིག་སྔར་ཀྲུང་གོ་དང་ཨུ་རུ་སི་གང་ཡིན་ཡང་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་སུ་འགྲོ་བའི་དུས་རིམ་གལ་ཆེན་དུ་གནས་ཡོད། ད་ལོ་ནི་ཀྲུང་གོ་རྒྱལ་ཁབ་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབ་བྱེད་འགོ་རྩོམ་པའི་ལོ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་ལོ་ཡིན་ལ། ལོ་སྔོན་མ་དང་བསྡུར་ན་ད་ལོའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་སྔར་ལས་དོན་སྙིང་གལ་ཆེན་ལྡན་པ་དང་། སྐབས་གསར་བའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བདམས་ཐོན་བྱུང་བ་ལས་གཞན།  ང་ཚོས་ད་དུང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་སོགས་གྲོས་གཞི་གལ་ཆེན་ལ་གྲོས་ཞིབ་བྱས་ནས། སྐབས་གསར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་བསྒྱུར་བྱས་པ་དང་། འདི་ནི་རྒྱལ་ཡོངས་མི་དམངས་ཀྱིས་སྔར་ལས་མཐུན་སྒྲིལ་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པར་ཕན་པ་ཡོད་ཟེར།

ཕུའུ་ཅིན་གྱིས་ཞི་ཅིན་ཕིང་བསྟུད་མར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་ཡང་བསྐྱར་རྟེན་འབྲེལ་ཞུས། ཕུའུ་ཅིན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་འདི་ལྟ་བུའི་གཏན་འཁེལ་གལ་ཆེན་བཏོན་པ་དེས་ཁྱེད་ཀྱི་བླ་ན་མེད་པའི་དབང་ཟིལ་དང་ཀྲུང་གོ་མི་དམངས་ཡོངས་ཀྱིས་ཁྱེད་ལ་སྲུང་སྐྱོང་བྱེད་བཞིན་པ་ཡང་བསྐྱར་བདེན་དབང་བྱས་ཡོད། ཐེངས་འདིའི་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་གཏན་ལ་ཕབ་པའི་གཏན་འཁེལ་རབ་དང་རིམ་པ་ཡིས་སྔར་ལས་ལྷག་པར་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་འདི་ནི་ཧ་ཅང་ཡང་དག་པ་ཞིག་ཡིན། ཨུ་རུ་སི་ཡིས་འདིར་རྟེན་འབྲེལ་ཞུ་བཞིན་ཡོད་པར་མ་ཟད། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཏན་འཁེལ་འདི་དག་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།