ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief.jpg    

ཧན་ཀྲེང་།

ཧན་ཀྲེང་། ཕོ། རྒྱ་རིགས། 1954ལོའི་ཟླ་བཞི་པར་འཁྲུངས། ཀྲེ་ཅང་ཚེ་ཤིས་ནས་ཡིན་པ། 1975ལོའི་ཟླ་12པར་ལས་ཀར་ཞུགས། 1979ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྭ་ཏུང་དགེ་འོས་སློབ་ཆེན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་སུའོ་རྒྱལ་སྤྱིའི་འབྲེལ་བ་དང་འཛམ་གླིང་དཔལ་འབྱོར་ཆེད་ལས་ནས་ཐོན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། མཐོ་རིམ་དཔལ་འབྱོར་ལག་རྩལ་ཆེ་མོ་བ་ཡིན་པ།

ད་ཆ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་བཞིན་ཡོད།

1975ལོ་ནས་1980ལོ་བར་ཧྲང་ཧའེ་ཞུས་ཧུའེ་ལྗིད་འདེགས་སྒྲིག་སྦྱོར་རུ་ཁག་གི་མཛོད་ཁང་གི་དོ་དམ་པ་དང་། མཁོ་ཚོང་ཀུའུ་ཡི་ལས་དོན་པ། གུང་གཞོན་སྡེ་ཚོཌ་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་བཅས་གནང་།

1980ལོ་ནས་1982ལོ་བར་ཧྲང་ཧའེ་གྲོང་ཁྱེར་རྫས་འགྱུར་བཟོ་ལས་སྒྲིག་ཆས་བཟོ་ལས་ཀུང་སིའི་ཀན་ཧྲི་དང་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་གནང་།

1982ལོ་ནས་1986ལོ་བར་ཧྲང་ཧའེ་གྲོང་ཁྱེར་རྫས་འགྱུར་བཟོ་ལས་ཅུས་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གནང་། (དེའི་རིང་1983ལོ་ནས་1985ལོ་བར་ཧྥུའུ་ཏན་སློབ་ཆེན་གྱི་ཆེད་ཚན་འཛིན་གྲྭར་སློབ་སྦྱོང་གནང)

1986ལོ་ནས་1987ལོ་བར་ཧྲང་ཧའེ་གྲོང་ཁྱེར་རྫས་འགྱུར་བཟོ་ལས་ཆེད་སྦྱོང་ཚན་ཁག་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།

1987ལོ་ནས་1988ལོ་བར་ཧྲང་ཧའེ་འགྱིག་ལྷམ་བཟོ་གྲྭ་དྲུག་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཁྲང་ཀྲང་གཞོན་པ་གནང་།

(1985ལོ་ནས་1987ལོ་བར་ཧྭ་ཏུང་དགེ་འོས་སློབ་ཆེན་མཚན་མོའི་སློབ་ཆེན་ཆབ་སྲིད་སློབ་སྟོན་ཚན་ཁག་ཏུ་ཆབ་སྲིད་སློབ་སྟོན་ཆེད་ལས་སློབ་སྦྱོང་གནང)

1988ལོ་ནས་1990ལོ་བར་ཧྲང་ཧའེ་ཀྲུང་ཧྭ་ཆེ་མོའི་འགྱིག་བཟོ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཁྲང་ཀྲང་གཞོན་པ་གནང་།

1990ལོ་ནས་1991ལོ་བར་གུང་གཞོན་སྡེ་ཚོགས་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་། (ལས་དོན་གཙོ་སྐྱོང་གནང)

1991ལོ་ནས་1992ལོ་བར་གུང་གཞོན་སྡེ་ཚོགས་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།

1992ལོ་ནས་1993ལོ་བར་ཧྲང་ཧའེ་གྲོང་ཁྱེར་ལུའུ་ཝན་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཆུས་ཀྲང་གནང་།

1993ལོ་ནས་1995ལོ་བར་ཧྲང་ཧའེ་གྲོང་ཁྱེར་ལུའུ་ཝན་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གནང་།

(1991ལོ་ནས་1994ལོ་བར་ཧྭ་ཏུང་དགེ་འོས་སློབ་ཆེན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་སུའོ་རྒྱལ་སྤྱིའི་འབྲེལ་བ་དང་འཛམ་གླིང་དཔལ་འབྱོར་ཆེད་ལས་སུ་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་གནང་བ་དང་དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ)

1995ལོ་ནས་1997ལོ་བར་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་། གྲོང་ཁྱེར་ཕྱོགས་བསྡུས་དཔལ་འབྱོར་ལས་དོན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་འཆར་གཞི་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི། གྲོང་ཁྱེར་འཛིན་ལོར་དོ་དམ་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་གནང་།

1997ལོ་ནས་1998ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་གནང་།

1998ལོ་ནས་2002ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ་གནང་།

2002ལོ་ནས་2003ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གཞོན་པ་གནང་།

2003ལོ་ནས་2004ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གནང་།

2004ལོ་ནས་2006ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། 2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་ལག་བསྟར་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་གནང་།

2006ལོ་ནས་2007ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་ལས་ཚབ་ཧྲུའུ་ཅི་དང་ཧྲི་ཀྲང་། 2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་པོ། ལག་བསྟར་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན། ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན་བཅས་གནང་།

2007ལོ་ནས་2008ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། 2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་པོ་དང་ལག་བསྟར་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་གནང་།

2008ལོ་ནས་2011ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། 2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་ལག་བསྟར་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་གནང་།

2011ལོ་ནས་2012ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གནང་།

2012ལོ་ནས་2017ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།

2017ལོ་ནས་2018ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་གནང་།

2018ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི། ཀྲུང་གུང་སྐབས་བཅུ་དྲུག་པ་དང་། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ་བཅས་གནང་།

res04_attpic_brief.jpg

སུན་ཁྲུན་ལན།

སུན་ཁྲུན་ལན། མོ། རྒྱ་རིགས། 1950ལོའི་ཟླ་ལྔ་པར་འཁྲུངས། ཧུའུ་པེ་རའོ་དབྱང་ནས་ཡིན་པ། 1969ལོའི་ཟླ་བཅུ་གཅིག་པར་ལས་ཀར་ཞུགས། 1973ལོའི་ཟླ་ལྔ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

ད་ཆ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མིའི་འགན་བཞེས་བཞིན་ཡོད།

1965ལོ་ནས་1969ལོ་བར་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་བཟོ་ལས་ལག་རྩལ་སློབ་གྲྭའི་འཕྲུལ་ཆས་ཆེད་ལས་སློབ་སྦྱོང་གནང་།

1969ལོ་ནས་1974ལོ་བར་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་ཆུ་ཚོད་བཟོ་གྲྭའི་བཟོ་པ་དང་། འཁོར་ཁང་ཏང་ཀྲི་པུའི་ཨུ་ཡོན། བཟོ་གྲྭའི་གུང་གཞོན་སྡེ་ཚོགས་ཀྱི་འགན་འཁུར་བ། ཏང་ཨུད་ཀྱི་ཨུ་ཡོན་བཅས་གནང་།

1974ལོ་ནས་1975ལོ་བར་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་ཡང་བའི་འཁལ་འཐག་ཅུས་དང་པོའི་ཏང་ཨུད་ཀྱི་རྒྱུན་ཨུ་དང་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གནང་།

1975ལོ་ནས་1977ལོ་བར་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་ཡང་བའི་འཁལ་འཐག་བཟོ་ལས་ཅུས་ཏང་ཨུད་ཀྱི་རྒྱུན་ཨུ་དང་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གནང་།

1977ལོ་ནས་1979ལོ་བར་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་རྫས་འགྱུར་ཚི་སྣ་འཁལ་འཐག་སྤྱི་ཁྱབ་བཟོ་གྲྭའི་ཏང་ཨུད་ཀྱི་རྒྱུན་ཨུ་གནང་།

1979ལོ་ནས་1980ལོ་བར་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་རྫས་འགྱུར་ཚི་སྣ་འཁལ་འཐག་སྤྱི་ཁྱབ་བཟོ་གྲྭའི་ཏང་ཨུད་ཀྱི་རྒྱུན་ཨུ་དང་ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ(ལས་དོན་གཙོ་སྐྱོང)གནང་།

1980ལོ་ནས་1985ལོ་བར་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་རྫས་འགྱུར་ཚི་སྣ་འཁལ་འཐག་སྤྱི་ཁྱབ་བཟོ་གྲྭའི་ཁྲང་ཀྲང་གཞོན་པ་གནང(དེའི་རིང་1981ལོ་ནས་1984ལོ་བར་ལེའོ་ཉིང་སློབ་ཆེན་དཔལ་འབྱོར་ཚན་ཁག་གི་དཔལ་འབྱོར་དོ་དམ་ཆེད་ལས་སུ་སྦྲག་ཁྲིད་སློབ་སྦྱོང་གནང)

1985ལོ་ནས་1986ལོ་བར་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་རྫས་འགྱུར་ཚི་སྣ་འཁལ་འཐག་སྤྱི་ཁྱབ་བཟོ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཁྲང་ཀྲང་གཞོན་པ་གནང(1986ལོའི་ཟླ་གཉིས་པ་ནས་1986ལོའི་ཟླ་བཅུ་གཅིག་པའི་བར་ཏང་ཨུད་ཀྱི་ལས་དོན་གཙོ་སྐྱོང་གནང)

1986ལོ་ནས་1988ལོ་བར་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་རྫས་འགྱུར་ཚི་སྣ་འཁལ་འཐག་སྤྱི་ཁྱབ་བཟོ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་།

1988ལོ་ནས་1991ལོ་བར་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གནང་།

1991ལོ་ནས་1993ལོ་བར་ལེའོ་ཉིང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གནང་། (1989ལོ་ནས་1991ལོ་བར་ལེའོ་ཉིང་ཞིང་ཨུད་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་ཀྱི་སྦྲག་ཁྲིད་དངོས་གཞིའི་ཚན་ཁག་འཛིན་གྲྭར་སློབ་སྦྱོང་གནང་། 1992ལོ་ནས་1993ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

1993ལོ་ནས་1994ལོ་བར་ལེའོ་ཉིང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི་གནང་།

1994ལོ་ནས་1995ལོ་བར་ལེའོ་ཉིང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི་གནང་།

1995ལོ་ནས་1997ལོ་བར་ལེའོ་ཉིང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི་གནང་།

(1992ལོ་ནས་1995ལོ་བར་ལེའོ་ཉིང་སློབ་ཆེན་ཐབས་ཇུས་དོ་དམ་རིག་པའི་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་གནང)

1997ལོ་ནས་1998ལོ་བར་ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།

1998ལོ་ནས་2001ལོ་བར་ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གནང་།

2001ལོར་ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི། ཏ་ལེན་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་གནང་།

2001ལོ་ནས་2005ལོ་བར་ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཏ་ལེན་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།

(2000ལོ་ནས་2003ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་གི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཆབ་སྲིད་རིག་པའི་ཆེད་ལས་སློབ་སྦྱོང་གནང)

2005ལོ་ནས་2009ལོ་བར་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཧྲུའུ་ཅི་དང་། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་བཅས་གནང་།

2009ལོ་ནས་2010ལོ་བར་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་།

2010ལོ་ནས་2012ལོ་བར་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།

2012ལོ་ནས་2014ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།

2014ལོ་ནས་2017ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གནང་།

2017ལོ་ནས་2018ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་།

2018ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང་།

ཀྲུང་གུང་སྐབས་བཅོ་ལྔ་པ་དང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་བཅས་གནང་།

res07_attpic_brief.jpg

ཧུའུ་ཁྲུན་ཧྭ།

ཧུའུ་ཁྲུན་ཧྭ། ཕོ། རྒྱ་རིགས། 1963ལོའི་ཟླ་བཞི་པར་འཁྲུངས། ཧུའུ་པེ་ཝུའུ་ཧྥུང་ནས་ཡིན་པ། 1983ལོའི་ཟླ་བརྒྱད་པར་ལས་ཀར་ཞུགས། 1983ལོའི་ཟླ་བཞི་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། པེ་ཅིང་སློབ་ཆེན་རྒྱའི་སྐད་ཡིག་ཚན་ཁག་ཐོན། སློབ་ཆེན་གྱི་སློབ་རྒྱུས་ལྡན།

ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏང་ཙུའི་ཁོངས་མིའི་འགན་བཞེས་བཞིན་ཡོད།

1979ལོ་ནས་1983ལོ་བར་པེ་ཅིང་སློབ་ཆེན་རྒྱའི་སྐད་ཡིག་ཚན་ཁག་ཏུ་སློབ་སྦྱོང་གནང་།

1983ལོ་ནས་1984ལོ་བར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའི་ལས་བྱེད་པ་གནང་།

1984ལོ་ནས་1985ལོ་བར་བོད་ལྗོངས་གཞོན་ནུའི་ཚགས་པར་ཁང་དུ་ཕྱག་ལས་གནང་།

1985ལོ་ནས་1987ལོ་བར་བོད་ལྗོངས་གསོལ་མགྲོན་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་། མི་དོན་པུའི་ཀྲུའུ་རེན་གཞོན་པ། ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། མི་དོན་པུའི་ཅིང་ལི་བཅས་གནང་།

1987ལོ་ནས་1992ལོ་བར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ(1990ལོའི་ཟླ་གཉིས་པར་ཐིང་རིམ་པ་གཞོན་པ)གནང་།

1992ལོར་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གཞོན་པ་གནང་།

1992ལོ་ནས་1995ལོ་བར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་།

1995ལོ་ནས་1997ལོ་བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གནང་། (དེའི་རིང་1996ལོ་ནས་1997ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

1997ལོ་ནས་2001ལོ་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གནང་།

(1996ལོ་ནས་1999ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་འཛམ་གླིང་དཔལ་འབྱོར་ཆེད་ལས་སློབ་སྦྱོང་གནང་། 2000ལོའི་ཟླ་དགུ་པ་ནས་2000ལོའི་ཟླ་བཅུ་གཅིག་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

2001ལོ་ནས་2003ལོ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་གནང་།

2003ལོ་ནས་2005ལོ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་གནང་།

2005ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་གནང་།

2005ལོ་ནས་2006ལོ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་གནང་།

2006ལོ་ནས་2008ལོ་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་གནང་།

2008ལོ་ནས་2009ལོ་བར་ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལས་ཚབ་ཧྲེང་ཀྲང་། ཧྲེང་ཀྲང་བཅས་གནང་།

2009ལོ་ནས་2010ལོ་བར་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་།

2010ལོ་ནས་2012ལོ་བར་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གནང་།

2012ལོ་ནས་2017ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་།

2017ལོ་ནས་2018ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་།

2018ལོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏང་ཙུའི་ཁོངས་མི་གནང་།

ཀྲུང་གུང་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་།

res10_attpic_brief.jpg

ལིའུ་ཧོ།

ལིའུ་ཧོ། ཕོ། རྒྱ་རིགས། 1952ལོའི་ཟླ་དང་པོར་འཁྲུངས། ཧོ་པེ་ཁྲང་ལི་ནས་ཡིན་པ། 1969ལོའི་ཟླ་བཞི་པར་ལས་ཀར་ཞུགས། 1976ལོའི་ཟླ་བཅུ་གཉིས་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་གོ་མི་དམངས་སློབ་ཆེན་བཟོ་ལས་དཔལ་འབྱོར་ཚན་ཁག་བཟོ་ལས་དཔལ་འབྱོར་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པ་དང་སྤྱི་པའི་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་ལྡན། ཞིབ་འཇུག་པ་དང་དགེ་རྒན་ཆེ་མོ་བ་ཡིན་པ།

ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་བཞིན་ཡོད།

1969ལོ་ནས་1970ལོ་བར་ཅི་ལིན་ཞིང་ཆེན་ཐའོ་ནན་རྫོང་ཝ་ཧྥང་ཀུང་ཧྲེའི་རུ་ཞུགས་གཞོན་ནུ་ཤེས་ཡོན་ཅན་གནང་།

1970ལོ་ནས་1973ལོ་བར་བཅིངས་འགྲོལ་དམག་དམག་སྡེ་སོ་བརྒྱད་པའི་ཧྲི་112མཁའ་འཕེན་མེ་སྒྱོགས་ཐོན་གྱི་ཡིང་ང་བདུན་པའི་ལེན་གཉིས་པའི་འཐབ་འཛིང་པ་དང་པན་ཀྲང་གཞོན་པ་གནང་།

1973ལོ་ནས་1979ལོ་བར་པེ་ཅིང་སྐུད་མེད་གློག་བཟོ་གྲྭའི་བཟོ་པ་དང་། སྡེ་ཚོགས་ཨུ་ལྷན་གྱི་ཀན་ཧྲི། ཧྲུའུ་ཅི་བཅས་གནང་།

1979ལོ་ནས་1983ལོ་བར་ཀྲུང་གོ་མི་དམངས་སློབ་ཆེན་ཡན་ལག་སློབ་གྲྭ་གཉིས་པའི་བཟོ་ལས་དཔལ་འབྱོར་ཚན་ཁག་གི་བཟོ་ལས་དཔལ་འབྱོར་དོ་དམ་ཆེད་ལས་སློབ་སྦྱོང་གནང་།

1983ལོར་ཀྲུང་གོ་མི་དམངས་སློབ་ཆེན་བཟོ་ལས་དཔལ་འབྱོར་ཚན་ཁག་གི་དགེ་རྒན་གནང་།

1983ལོ་ནས་1986ལོ་བར་ཀྲུང་གོ་མི་དམངས་སློབ་ཆེན་བཟོ་ལས་དཔལ་འབྱོར་ཚན་ཁག་གི་བཟོ་ལས་དཔལ་འབྱོར་ཆེད་ལས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་གནང་།

1986ལོ་ནས་1987ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ལས་བྱེད་པ་གནང་།

1987ལོ་ནས་1988ལོ་བར་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་བཟོ་ལས་ཕྱོགས་བསྡུས་ཅུས་ཀྱི་ལས་བྱེད་པ་གནང་།

1988ལོ་ནས་1991ལོ་བར་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་ཐོན་ལས་སྲིད་ཇུས་སིའི་ཐོན་ལས་གྲུབ་ཆ་ཁྲུའི་ཁྲུའུ་ཀྲང་གཞོན་པ་དང་ཁྲུའུ་ཀྲང་གནང་།

1991ལོ་ནས་1993ལོ་བར་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཡུན་རིང་འཆར་འགོད་དང་ཐོན་ལས་སྲིད་ཇུས་སིའི་ཐོན་ལས་གྲུབ་ཆ་ཁྲུའི་ཁྲུའུ་ཀྲང་གནང(དེའི་རིང་1992ལོ་ནས་1993ལོ་བར་ཨ་རིའི་ནུབ་ཤར་སློབ་ཆེན་བཟོ་ཚོང་སློབ་གླིང་དུ་སློབ་སྐོར་མཁས་དབང་གནང)

1993ལོ་ནས་1994ལོ་བར་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་གནང་།

1994ལོ་ནས་1998ལོ་བར་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཡུན་རིང་འཆར་འགོད་དང་ཐོན་ལས་སྲིད་ཇུས་སིའི་སི་ཀྲང་གཞོན་པ་གནང(དེའི་རིང་1994ལོ་ནས་1995ལོ་བར་ཧ་ཧྥུའུ་སློབ་ཆེན་ཁེན་ནི་ཏིའི་སྲིད་གཞུང་དོ་དམ་སློབ་གླིང་གི་རྒྱལ་སྤྱིའི་དངུལ་རྩ་དང་ཉོ་ཚོང་ཆེད་ལས་སློབ་སྦྱོང་གནང་། སྤྱི་པའི་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་ཐོབ)

1998ལོ་ནས་2001ལོ་བར་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ(ཅུས་རིམ་པ་རྒན་པ)དང་ཀྲུང་གོ་དཔལ་འབྱོར་ཆ་འཕྲིན་དྲ་རྒྱ་ཀུང་སིའི་ཏུང་ཧྲི་ཀྲང་གནང་།

2001ལོ་ནས་2003ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་ཅན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཏང་ཙུའི་ཁོངས་མི། རྒྱལ་ཁབ་ཆ་འཕྲིན་ཅན་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་བཅས་གནང་།

2003ལོ་ནས་2011ལོ་བར་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་གནང་།

2011ལོ་ནས་2013ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཀྲུའུ་རེན་གཞོན་པ། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་གནང་།

2013ལོ་ནས་2014ལོ་བར་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཏང་ཙུའི་ཁོངས་མི་བཅས་གནང་།

2014ལོ་ནས་2017ལོ་བར་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་གནང་།

2017ལོ་ནས་2018ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་གནང་།

2018ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན། ཀྲུང་གུང་སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་བཅས་གནང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།