ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་དམངས་ཆེན་གྲོས་ཚོགས་ཀྱི་གནས་ཚུལ་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གནས་ཚུལ་དྲིལ་སྒྲོག་ལ་ཞུགས་པའི་ཀྲུང་དབྱང་སྨྱན་བྱད་གཙོ་བོའི་འགན་ཁུར་པ་དང་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་མཛད། 

2.jpg

3.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གནས་ཚུལ་དྲིལ་སྒྲོག་ལ་ཞུགས་པའི་ཀྲུང་དབྱང་སྨྱན་བྱད་གཙོ་བོའི་འགན་ཁུར་པ་དང་བྱ་བ་སྒྲུབ་མཁན་ལ་སྐོར་བརྒྱབ་སྟེ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས། དམངས་ཆེན་གྲོས་ཚོགས་ཀྱི་གནས་ཚུལ་སྒྲོག་སྤེལ་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོང་གིས་ད་ལོའི་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱས་པར་ལངས་ཕྱོགས་གསལ་བོ་ཡིན་ལ། ཁ་ཕྱོགས་ཡང་དག་ཡིན་ཞིང་། སྲོག་ཤིང་འབུར་དུ་ཐོན་ལ། ནང་དོན་གཏིང་ཟབ་པ་མ་ཟད། སྤོབས་པ་ཆེན་པོས་གསར་གཏོད་བྱས་པ་དང་ཉན་འདོད་ལྟ་འདོད་ཆེ་བའི་གནས་ཚུལ་བསྒྲགས་པས། སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་བརྩོན་སེམས་ཆེ་རུ་བསྐྱེད་དེ། ཚོགས་ཆེན་རྒྱལ་ཁའི་ངང་ཚོགས་པར་བྱས་རྗེས་གལ་ཆེན་བཞག་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཡིན་པས། རྒྱལ་ཡོངས་ཀྱིས་མཐོང་ཆེན་དང་འཛམ་གླིང་གིས་དོ་སྣང་བྱེད་བཞིན་ཡོད། ཐེངས་འདིའི་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་ཁྲོད་དུ། ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་སྣེ་ཁྲིད། རིན་ཐང་ཁ་ཕྱོགས་བཅས་དམ་འཛིན་གྱིས་མཐུན་སྒྲིལ་གཏན་འཇགས་ཡར་སྐུལ་དང་། དྲང་ཕྱོགས་དྲིལ་སྒྲོག་གཙོ་བོར་བཟུང་ནས། དབྱངས་རྟ་གཙོ་བོ་དར་སྤེལ་བྱས་པ་དང་དྲང་ཕྱོགས་ནུས་ཚད་སྒྲོག་སྤེལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ་གནང་བའི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་སྒྲོག་སྤེལ་ལེགས་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་རྒྱས་བཤད་ཟབ་མོ་བྱས་ནས། རྒྱ་ཆེའི་ཐུས་མི་དང་ལས་བྱེད་མང་ཚོགས་ཁྲོད་དུ་ཚུར་སྣང་དྲག་པོ་འབྱུང་དུ་བཅུག ཇུས་འགོད་ཞིབ་མོ་དང་ཐབས་ལམ་གསར་གཏོད་ཀྱིས་སྨྱན་བྱད་ཡོངས་ཁྱབ་ཀྱིས་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོ་སོགས་བྱ་འགུལ་གལ་ཆེན་དྲིལ་སྒྲོག་བྱས་ཏེ། ཚོགས་ཆེན་གྱི་འདུ་འཛིའི་རྣམ་པ་དང་སྐབས་གསར་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་རྣམ་པ་གསར་པ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ཚང་མས་ཡང་འབད་བསྐྱར་འབད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དྲིལ་སྒྲོག་སྔར་ལས་བཟང་པོ་བྱེད་པ་དང་། ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུར། ཀྲུང་གོའི་དམངས་ཆེན་གྱི་གཏམ་རྒྱུད་བཅས་བཟང་པོར་འཆད་པ། སྔར་ལས་ལྷག་པར་ཀྲུང་གོའི་སེམས་སྒྲ་མངོན་པ་དང་། ཀྲུང་གོའི་སྙིང་སྟོབས་མཚོན་པ། ཀྲུང་གོའི་འདོད་བློ་འདོན་པ་བཅས་བྱས་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་ཐུགས་རེ་བཏོན།

ཝང་ཁྲིན་དང་ཧོང་ཁུན་མེན། དབྱང་ཀྲིན་ཝུའུ་སོགས་ཀྱིས་མཉམ་དུ་འཚམས་འདྲི་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།