ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་གྱི་འགོ་ཁྲིད་པས་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ། ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་སྲིད་ཏང་གི་འགོ་ཁྲིད་པ་ཁ་ཤས་ཀྱིས་ཞི་ཅི་ཅིན་ཕིང་ལ་གློག་འཕྲིན་གཏོང་བ་དང་འཕྲིན་ཡིག་བསྐུར་ཏེ། ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་དབྱིན་མེད་ཨར་གྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞི་ཅིན་ཕིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས་པར་མ་ཟད་སྨོན་འདུན་བཟང་བོ་ཞུས། ཧྲི་ཐེ་དབྱིན་མེད་ཨར་གྱིས་ཞི་ཅིན་ཕིང་དང་མཉམ་དུ་འཇར་མན་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

མོ་ཞི་ཀིའི་ཙུང་ཐུང་ཕེ་ཉི་ཡ་ཡིས་བཤད་རྒྱུར། དུས་རབས་གསར་བའི་ནང་ཁྱེད་ཀྱིས་མུ་མཐུད་དུ་རྒྱལ་ཁབ་ལ་བདེ་སྐྱིད་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱེད་པར་བདག་ལ་ཡིད་ཆེས་ཡོད་པ་དང་། བདག་གིས་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པ་དང་། རླབས་ཆེན་གྱི་ཀྲུང་གོ་མི་དམངས་སྔར་ལས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་ཟེར།

ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ཏུའུ་ཏ་ཏ་ཨེ་ཡིས་བཤད་རྒྱུར། ཁྱེད་ཀྱི་འགོ་ཁྲིད་འོག་ཏུ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་དང་ཕྱོགས་གཉིས་ལ་བདེ་སྐྱིད་བསྐྲུན་པར་བདག་ལ་ཡིད་ཆེས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།