ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོར་སྡོད་པའི་རྒྱལ་ཁབ་དྲུག་གི་གསར་དུ་བདམས་པའི་གཞུང་ཚབ་ཆེན་མོས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་སྡོད་པའི་རྒྱལ་ཁབ་དྲུག་གི་གསར་དུ་བདམས་པའི་གཞུང་ཚབ་ཆེན་མོས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད། གཞུང་ཚབ་ཆེན་མོ་དྲུག་ནི་ཀྲུང་གོར་སྡོད་པའི་པ་ཧ་མའི་གཞུང་ཚབ་ཆེན་མོ་ཁུང་ཐི་དང་ཀྲུང་གོར་སྡོད་པའི་ཧང་ག་རིའི་གཞུང་ཚབ་ཆེན་མོ་པེ་སི་ཏིས། ཀྲུང་གོར་སྡོད་པའི་ཕོ་ལན་གྱི་གཞུང་ཚབ་ཆེན་མོ་སེ་ཞི་ཅུན། ཀྲུང་གོར་སྡོད་པའི་འཁྱགས་གླིང་གི་གཞུང་ཚབ་ཆེན་མོ་ཀུའུ་ཧྲི་ཞན། ཀྲུང་གོར་སྡོད་པའི་ཨེ་ཁ་ཏོར་གྱི་གཞུང་ཚབ་ཆེན་མོ་ལ་ལོས་ཡ། ཀྲུང་གོར་སྡོད་པའི་མོ་ཙམ་པི་ཁིའི་གཞུང་ཚབ་ཆེན་མོ་ཀུའུ་སི་ཐ་བ་བཅས་རེད།

ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོ་ཀྲུང་གོར་འགན་འཁྲི་ལག་བསྟར་བྱེད་དུ་ཡོང་བར་བསུ་མ་བྱས་པ་དང་ཁོ་ཚོ་བརྒྱུད་དེ་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་དང་མི་དམངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་སྨོན་འདུན་བཟང་བོ་ཞུས་པར་མ་ཟད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོས་འགན་འཁྲི་ལག་བསྟར་བྱེད་པར་སྟབས་བདེ་དང་རྒྱབ་སྐྱོར་འདོན་སྤྲོད་གང་ལེགས་བྱེད་པའི་ཚུལ་བསྟན། ཁོང་གིས་གསུངས་རྒྱུར། གཞུང་ཚབ་ཆེན་མོ་རྣམས་ཀྱིས་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། ཀྲུང་གོ་དང་རྒྱལ་ཁབ་སོ་སོ་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

གཞུང་ཚབ་ཆེན་མོ་རྣམས་ཀྱིས་རང་རང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཞི་ཅིན་ཕིང་མུ་མཐུད་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་ལྷག་བསམ་རྣམ་དག་སྒོས་རྟེན་འབྲེལ་ཞུས་པ་དང་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་ཡང་བསྐྱར་བརྒྱུད་སྒྲོག་བྱས། གཞུང་ཚབ་ཆེན་མོ་རྣམས་ཀྱིས་བཤད་རྒྱུར། རྒྱལ་ཁབ་སོ་སོས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རང་རང་རྒྱལ་ཁབ་ཀྱིས་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་ངེས་ཡིན་ཟེར། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།