ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཁ་མེ་རོང་གི་ཙུང་ཐུང་པུས་ཡ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强会见喀麦隆总统比亚.jpg

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཁ་མ་རོང་གི་ཙུང་ཐུང་པུས་ཡ་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་མེ་རོང་གི་ཙུང་ཐུང་པུས་ཡ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཁ་མེ་རོང་གཉིས་ཀྱི་འབྲེལ་བར་གདེང་འཇོག་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཕན་འབྲས་ལྡན་པའི་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཇུས་འགོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁ་མེ་རོང་དང་བཅས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ། ཐུན་མོང་གི་འཕེལ་རྒྱས་ཁེ་ཕན་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ལ་ཆབ་སྲིད་ཐད་ཀྱི་ཆ་རྐྱེན་ཅི་ཡང་མེད་པའི་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

པུས་ཡ་ཡིས་ལིས་ཁི་ཆང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་གང་ལེགས་བྱས་པར་ཧ་ཅང་འཐད་པའི་ཚུལ་བསྟན་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཁ་མེ་རོང་ཕྱོགས་ཀྱིས་ཁ་མེ་རོང་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་དང་དངོས་གཉེར་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བར་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཝང་དབྱི་དང་ཧི་ལིས་ཧྥུན་གཉིས་མཇལ་འཕྲད་ལ་ཞུགས། 
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།