ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨར་ཅི་རི་ཡ་ནས་བྱུང་བའི་དམག་བཀོལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཚབས་ཆེན་ཐད་ནས་ཨར་ཅི་རི་ཡའི་ཙུང་ཐུང་པུའུ་ཐི་ཧྥོ་ལི་ཁ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་ཨར་ཅི་རི་ཡའི་དམག་བཀོལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐད་ནས་ཨར་ཅི་རི་ཡའི་ཙུང་ཐུང་པུའུ་ཐི་ཧྥོ་ལི་ཁ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཁྱེད་རྒྱལ་ཁབ་ཀྱི་དམག་བཀོལ་གནམ་གྲུ་ཞིག་སྟབས་མ་ལེགས་པར་བར་སྣང་ནས་སར་ལྷུང་སྟེ། མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་གོ་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པར་མ་ཟད། ང་རང་ཉིད་ཀྱི་མིང་ཐོག་ནས་དོན་རྐྱེན་ཁྲོད་ཚེ་ལས་འདས་མཁན་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། རྨས་མ་དང་ཚེ་ལས་འདས་མཁན་གྱི་ཁྱིམ་མིར་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་པ་ཡིན་ཟེར།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་དོན་རྐྱེན་དེའི་ཐད་ནས་ཨར་ཅི་རི་ཡའི་ཙུང་ལི་བུའུ་ཡེ་ཧེ་ཡ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།