ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ནེ་པ་ལའི་ཕྱི་འབྲེལ་དཔོན་པོ་ཅ་ཝ་ལེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

565dfc048fa7bfdfa0ceb42daf7873f2.png 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་བཅོ་བརྒྱད་ཉིན་ཀྲུང་ནན་ཧེ་ནས་ནེ་པ་ལའི་ཕྱི་འབྲེལ་དཔོན་པོ་ཅ་ཝ་ལེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས18ཉིན་ཀྲུང་ནན་ཧེ་ནས་ནེ་པ་ལའི་ཕྱི་འབྲེལ་དཔོན་པོ་ཅ་ཝ་ལེ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ནེ་པ་ལའི་བར་དུ་འགྲོ་འོང་གི་ལོ་རྒྱུས་རིང་པོ་ཡོད་པ་དང་། ལོ་རྒྱུས་ཀྱི་ཉམས་སད་ཐེག་པའི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཁྲིད་སྟོན་འོག་ཏུ། ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་རྒྱུན་སྲིང་དང་བདེ་བླག་ངང་གོང་འཕེལ་དུ་སོང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་བརྟན་བརླིང་ངང་སྤེལ་བཞིན་ཡོད། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དུ། ཧ་ཅང་གལ་ཆེ་བའི་ཉམས་མྱོང་ཞིག་ནི་གཏན་འཇགས་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་རྒྱུ་དེ་ཡིན་ལ། གཏན་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་། འཕེལ་རྒྱས་ཀྱི་གཏན་འཇགས་ཀྱི་རྨང་གཞི་ཡིན། ཀྲུང་གོ་ནེ་པ་ལས་ཆབ་སྲིད་ཚུལ་སྒྱུར་ཡོངས་འགྲུབ་བྱས་ཏེ། རྒྱལ་ཁབ་ཀྱི་འཛུགས་སྐྲུན་གཙོ་གནད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟེང་དུ་བཞག་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ནེ་པ་ལས་མཐུན་སྒྲིལ་དང་གཏན་འཇགས་སྲུང་འཛིན་བྱས་ཏེ། འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཐུན་མོང་གི་ལྟ་བ་དང་གྲོས་ཆོད་མཉམ་དུ་དངོས་འབེབས་བཟང་པོ་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དེ་གོ་སྐབས་སུ་བརྩིས་ཏེ་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་གོང་འཕེལ་ལ་གཏོང་དགོས་ཟེར།

ཅ་ཝ་ལེ་ཡིས་བསྟན་དོན། ནེ་པ་ལ་དང་ཀྲུང་གོ་གཉིས་ནི་ཚེ་རབས་ནས་ཚེ་རབས་བར་མཛའ་ཞིང་མཐུན་པའི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོ་ཡིན་ལ། ང་ཚོས་ཀྲུང་གོའི་དུས་རྒྱུན་གྱི་རྒྱབ་སྐྱོར་དང་རོགས་རམ་ལ་བཀའ་དྲིན་ཞུ་བཞིན་ཡོད། ནེ་པ་ལའི་སྲིད་གཞུང་གསར་པས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།