ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ4བའི་ཚེས18ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཚེ་གང་གི་ལས་རིགས་ལག་རྩལ་གསོ་སྦྱོང་ལམ་ལུགས་ལག་བསྟར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་ལ་ཕབ་སྟེ། ངལ་རྩོལ་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བསྟན་པར་མ་ཟད། ལས་གནས་ཀྱི་ཚན་རྩལ་གྲུབ་འབྲས་ལ་བརྟེན་ནས་ཐོབ་པའི་བྱ་དགའི་དངུལ་གྱི་སྒེར་གྱི་ཐོབ་ཁྲལ་ཇེ་ཉུང་དུ་བཏང་ནས། གསར་གཏོད་གྲུབ་འབྲས་ཀྱིས་འཕེལ་རྒྱས་དང་དམངས་ཚིས་ལ་སྔར་ལས་ཞབས་ཕྱི་བཟང་བོ་སྒྲུབ་རྒྱུའི་ཐག་བཅད། 

གྲོས་ཚོགས་སྟེང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལྟར། ཚེ་གང་གི་ལས་རིགས་ལག་རྩལ་གསོ་སྦྱོང་ལམ་ལུགས་ལག་བསྟར་བྱེད་པ་དང་། མཁར་གྲོང་གི་ངལ་རྩོལ་པ་ཡོངས་ལ་ཁ་ཕྱོགས་པའི་སློབ་སྦྱོང་དང་ལས་གནས་ཀྱི་གོ་རིམ་ཧྲིལ་བོར་འབྲེལ་བའི་ཚེ་གང་གི་ལས་རིགས་ལག་རྩལ་གསོ་སྦྱོང་འདོན་སྤྲོད་བྱེད་པ་དེ་ལག་རྩལ་ཤེས་ལྡན་མི་སྣ་མི་འདང་བའི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཇེ་ལྷོད་དུ་གཏོང་བ་དང་། རྒྱུ་རྐྱེན་སྣ་མང་འཛོམས་པའི་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ། དཔལ་འབྱོར་གྱི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཐད་ལ་ཕན་པ་ཡོད།

གྲོས་ཚོགས་སྟེང་གཅིག་ནི་ཁེ་ལས་ཀྱི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ནས། ཐོན་ལས་ཀྱི་རིམ་སྤོར་དགོས་མཁོ་དང་མཐུན་པར་བྱེད་དགོས་པ་དང་། གཉིས་ནི་ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣ་ནུས་ཡོད་སྒོས་སྐྱེད་སྲིང་བྱེད་པ་དང་། རིམ་པ་མཐོ་བའི་ལག་རྩལ་པ་སོགས་གསོ་སྦྱོང་བྱེད་པའི་བྱ་བར་གཙིགས་འཛིན་བྱེད་དགོས། གསུམ་ནི་མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་ཞིང་བ་ཞོར་ལས་པ་སོགས་མི་ཚོགས་གཙོ་བོར་ལས་ཞུགས་ལས་སྐྲུན་དང་ལག་རྩལ་གྱི་གསོ་སྦྱོང་བྱེད་དགོས། བཞི་ནི་ལས་རིགས་ནུས་པ་གཙོ་ཡིན་པའི་ཤེས་ལྡན་མི་སྣའི་དཔྱད་འཇོག་དང་ལག་རྩལ་གྱི་རིམ་པ་བགར་བ་སོགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལྔ་ནི་སྟོབས་ཤུགས་ཡོད་རྒུས་དམངས་སྒྲུབ་ལས་རིགས་ལག་རྩལ་གསོ་སྦྱོང་བྱ་བ་དར་སྤེལ་བྱས་ནས། ཁེ་ལས་ཀྱིས་ལས་རིགས་གསོ་སྦྱོང་སྒྲིག་གཞི་འཛུགས་པར་སྐུལ་མ་གཏོང་དགོས། དྲུག་ནི་ལས་རིགས་ལག་རྩལ་གསོ་སྦྱོང་འགྲོ་གྲོན་འགན་སྲུང་ལ་ཤུགས་བསྣན་ཏེ། སྲིད་གཞུང་དང་ཁེ་ལས། སྤྱི་ཚོགས་བཅས་ཕྱོགས་མང་པོས་མ་དངུལ་གཏོང་བའི་ལམ་ལུགས་འཛུགས་དགོས། བདུན་ནི་གསོ་སྦྱོང་སྤུས་ཚད་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། གསོ་སྦྱོང་གྲུབ་འབྲས་ཀྱི་དཔྱད་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས་པ་བཅས་གཏན་འཁེལ་བྱས།

གྲོས་ཚོགས་སྟེང་ཚན་རྩལ་གྲུབ་འབྲས་སུ་བསྒྱུར་བའི་སྲིད་ཇུས་སྐུལ་སློང་བྱ་བར་ཤུགས་སྣོན་པ་དེ་གསར་གཏོད་ཀྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་འགྲན་རྩོད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ། དམངས་ཚིས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་ཡོད་ཅེས་བསྟན།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།