ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ས་གནས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་ཁུར་ལམ་ལུགས་ཀྱི་གཏན་འབེབས་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ས་གནས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་ཁུར་ལམ་ལུགས་ཀྱི་གཏན་འབེབས»ཞེས་པ་དཔར་ནས་བཀྲམ་པར་མ་ཟད། བརྡ་ཐོ་བཏང་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་ལ་ཟུང་སྦྲེལ་བྱས་ཏེ་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

གཏན་འབེབས་ནང་དུ། ས་གནས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་ན། ཏང་སྲིད་འགན་གཅིག་དང་ལས་རྐང་གཅིག་ལ་འགན་ཁུར་གཉིས། མཉམ་འཛིན་མཉམ་བདག ལས་ཤོར་འགན་གཅོད་བཅས་རྒྱུན་འཁྱོངས་བྱས་ཏེ། ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོ་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་བདག་གཉེར་ལ་དོ་དམ་བྱེད་ན་ངེས་པར་དུ་མགོ་ཁྲིད་འགན་ཁུར་ལ་བདེ་འཇགས་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་པ་གཙོ་བོ་ནི་རང་ས་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་ཁུར་པ་དང་པོ་ཡིན་ལ། ཚན་ཁག་གི་ཁོངས་མི་གཞན་དག་གིས་ལས་བགོས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་མགོ་ཁྲིད་ཀྱི་འགན་ཁུར་ཡོད།

གཏན་འབེབས་ནང་དུ་ད་དུང་ས་གནས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་། དཔྱད་ཞིབ་རྟོག་དཔྱོད། གཟེངས་བསྟོད་བྱ་དགའ། འགན་ཁུར་རྩད་གཅོད་སོགས་ལ་བཀོད་སྒྲིག་ཞིབ་མོ་བྱས་ཡོད།

གཏན་འབེབས་དེ2018ལོའི་ཟླ4པའི་ཚེས8ཉིན་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།