ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 习近平.jpg

ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། རྒྱལ་ཡོངས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཆ་འཕྲིན་ཅན་གྱིས་ཀྲུང་ཧྭ་མི་རིགས་ལ་འཕྲད་དཀའ་བའི་གོ་སྐབས་བསྐྲུན་པས། ང་ཚོས་ངེས་པར་དུ་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་དམ་པོར་འཛིན་པ་དང་། དྲ་རྒྱའི་སྟེང་གི་དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་པ། དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། ཆ་འཕྲིན་ཁྱབ་ཁོངས་ཀྱི་ལག་རྩལ་གཙོ་བོ་འཕེལ་རྒྱས་སུ་གཏོང་བ་དང་། ཆ་འཕྲིན་ཅན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། དྲ་རྒྱ་དང་ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱི་དམངས་དམག་མཉམ་འདྲེས་ལ་ཤུགས་སྣོན་པ་དང་། རང་འགུལ་གྱིས་དྲ་རྒྱའི་བར་སྟོང་གི་རྒྱལ་སྤྱིའི་བཅོས་སྐྱོང་འཕེལ་རིམ་ཁྲོད་ཞུགས་ཏེ། རང་བདག་གསར་གཏོད་དང་དྲ་རྒྱར་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཅས་གྲོས་ཚོགས་སུ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧུའུ་ཉིང་གིས་སྤྱི་བསྡོམས་གཏམ་བཤད་སྤེལ།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་མཉམ་འབྲེལ་དྲ་རྒྱར་མཐོང་ཆེན་བྱེད་པ་དང་མཉམ་འབྲེལ་དྲ་རྒྱ་འཕེལ་རྒྱས་སུ་གཏོང་བ། མཉམ་འབྲེལ་དྲ་རྒྱ་བཅོས་སྐྱོང་བྱེད་པ་བཅས་བྱས་ཏེ། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། དམག་དོན་བཅས་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་དང་དྲ་རྒྱའི་བདེ་འཇགས་སྐོར་གྱི་གནད་དོན་གལ་ཆེན་ལ་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱས་པར་མ་ཟད། ཇུས་ཆོད་གལ་ཆེན་རབ་དང་རིམ་པ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་གཏན་འཁེལ་བྱས་ཏེ། དྲ་རྒྱ་དང་ཆ་འཕྲིན་ཅན་གྱི་ལས་དོན་འཕེལ་རྒྱས་སུ་བཏང་སྟེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། གྲུབ་འབྲས་དེ་དག་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གི་ཏང་གི་དྲ་རྒྱའི་དང་ཆ་འཕྲིན་ཅན་བྱ་བའི་གཅིག་བསྡུས་འགོ་ཁྲིད་ཀྱི་ཇུས་ཆོད་དང་ཆ་འཕྲིན་ཅན་བྱ་བའི་ཐད་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་ནི་ཡང་དག་པ་ཡིན་པ་གང་ལེགས་སྒོས་གསལ་བཤད་བྱས་ཡོད། ང་ཚོས་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་དང་མཐུན་པའི་དྲ་རྒྱ་བཅོས་སྐྱོང་བྱེད་པའི་བགྲོད་ལམ་ཞིག་གསར་གཏོད་བྱེད་དགོས་པར་མ་ཟད། བསམ་བློ་གསར་བ་དང་ལྟ་བ་གསར་བ། ཆོད་གཏམ་གསར་བ་བཅས་རབ་དང་རིམ་པ་གཏན་འཁེལ་བྱས་ནས། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་བསམ་བློ་ཆགས་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཇེ་ཆེར་བཏང་སྟེ། ཏང་ཨུས་འགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་དེ་དོ་དམ་བྱེད་པ། ཁེ་ལས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པ། སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། དྲ་དམངས་ཀྱིས་རང་གཅུན་བྱེད་པ་བཅས་གཙོ་གཞི་མང་པོ་ཞུགས་པ་དང་། དཔལ་འབྱོར་དང་ཁྲིམས་ལུགས། ལག་རྩལ་བཅས་བྱེད་ཐབས་སྣ་མང་ཟུང་དུ་འབྲེལ་པའི་ཕྱོགས་བསྡུས་སྒོས་དྲ་རྒྱ་བཅོས་སྐྱོང་བྱེད་པའི་རྣམ་པ་ཆགས་པར་བྱེད་དགོས་ལ། དྲ་རྒྱའི་སྟེང་གི་དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། ལངས་ཕྱོགས་གསལ་བོའི་སྒོ་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཁ་ཕྱོགས། རིན་ཐང་ཁ་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱིས་དྲ་དམངས་དུང་ཕྱུར་ཁྲི་ཕྲག་ལ་མཐུན་སྒྲིལ་བྱེད་དགོས་པ་དང་། ཕུགས་བསམ་དང་ཡིད་ཆེས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཧུར་ཐག་སྒོས་སྐྱེད་སྲིང་དང་ལག་ལེན་བྱས་ནས། དྲ་རྒྱའི་དྲིལ་སྒྲོག་འདུ་ཤེས་དང་ནང་དོན། རྣམ་པ། བྱེད་ཐབས་བཅས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་གི་དྲ་རྒྱ་དང་ཆ་འཕྲིན་ཅན་བྱ་བའི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་བསྣན་ཏེ། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ལས་དོན་དུས་དང་རྣམ་པ་ཀུན་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས། ས་གནས་སོ་སོའི་ལས་ཁུངས་ཀྱིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བར་ཧ་ཅང་མཐོང་ཆེན་བྱེད་དགོས་ལ། དེ་བྱ་བ་གཙོ་བོའི་ཇུས་གཞི་དང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་དུ་བཞག་ནས། གནས་ཚུལ་གསར་བ་དང་གནད་དོན་གསར་བ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་མང་ཚོགས་རྩ་འཛུགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཁེ་ལས་དང་ཚན་རྩལ་ཞིབ་འཇུག། མཐོ་རིམ་སློབ་གླིང་། རིག་མཛོད་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་གཞིར་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱིས་གྲུབ་འབྲས་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་པར་མ་ཟད། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་བསམ་བློའི་ནང་དོན་ཕུན་སུམ་ཚོགས་པ་རྒྱས་བཤད་མཛད་པ་དང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་གྱི་ཡུན་རིང་འཕེལ་རྒྱས་སྐོར་གྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པས། ཆ་འཕྲིན་ཅན་གསར་བརྗེའི་ལོ་རྒྱུས་ཀྱི་གོ་སྐབས་དམ་པོར་འཛིན་པ་དང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བར་གཙིགས་འཛིན་བྱེད་པ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བ་བཅས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་པས། དེར་དོན་སྙིང་གཏིང་ཟབ་པ་ལྡན་ཟེར།

ཝང་ཧུའུ་ཉིང་གིས་སྤྱི་བསྡོམས་གསུང་བཤད་སྤེལ།

གྲོས་ཚོགས་སྟེང་ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གཞུང་སྒྲུབ་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། པེ་ཅིན་གྲོང་ཁྱེར། ཧྲང་ཧེ་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཀོས་ཀྲིག་ཞིང་ཆེན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་གྲོས་ཚོགས་སུ་ཟུར་དུ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།