ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཞིང་ལས་ཐོན་ཁུངས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཀག་སྡོམ་རགས་ཙམ་ཐུབ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་སྨན་དང་རྫས་ལུད་སྤྱོད་ཚད་ཉུང་གཏོང་ལ་སྐུལ་འདེད་དང་། ཞིང་ལས་ཀྱི་བེད་མེད་ཟོག་རོ་ཐོན་ཁུངས་སུ་བསྒྱུར་རྒྱུར་སྐུལ་འདེད། ཞིང་ལས་ཐོན་ཁུངས་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། རང་རྒྱལ་གྱི་ཞིང་ལས་ཐོན་ཁུངས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཀག་སྡོམ་རགས་ཙམ་ཐུབ་པ་རེད།

འདི་ནི་ཉིན་ཤས་གོང་ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བཤད་པ་ཞིག་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཧན་ཁྲང་ཧྥུའུ་ཡིས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་དེང་རབས་ཞིང་ལས་མ་ལག་བཙུགས་ནས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལས་ཀའི་གནས་ཚུལ་སྙན་ཞུ་གནང་བ་རེད།

ཧན་ཁྲང་ཧྥུའུ་ཡིས་ངོ་སྤྲོད་གནང་བར། རང་རྒྱལ་གྱི་ཞིང་སྨན་སྤྱོད་ཚད་ལོ་གསུམ་གྱི་སྔོན་ནས་མང་དུ་ཕྱིན་མེད་པ་དང་། ཕྱུགས་བྱའི་བཤང་གཅིའི་སྦགས་བཙོག་དང་ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཕྱོགས་བསྡུས་སྤྱོད་ཚད་དང་ཞིང་སྤྱོད་འགྱིག་ཤོག་བསྡུ་ཚད་ཚང་མ60%ཡན་ཟིན་པ། 2017ལོའི་ལོ་མཇུག་ཏུ་ཞིང་ཆུ་ནུས་ལྡན་ངང་སྤྱོད་པའི་བཏགས་གྲངས་0.545ཟིན་པ། རྨོ་ཞིང་འདེབས་འཇོག་རེས་མོས་ཀྱི་ཚོད་ལྟ་མུའུ་ཁྲི1200བར་རྒྱ་སྐྱེད་བྱས་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད55.3%ཟིན་པ། གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་གདལ་གཏོང་ཚད80%ཟིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།