ཀྲུང་གོ་བོད་ཀྱི་དྲ་བ།

འགན་བཅོལ་འགན་སྲུང་ཐེབས་རྩའི་ཡོང་འབབ་ལ་ཁྲལ་སྤྲོད་མི་དགོས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་བཏང་ནས། འགན་བཅོལ་འགན་སྲུང་ཐེབས་རྩའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། ལས་རིགས་གཉེར་སྐྱོང་ཉེན་ཁ་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་བ། 2018ལོའི་ཟླ1ཚེས1ཉིན་ནས2020ལོའི་ཟླ12ཚེས31ཉིན་བར། ཀྲུང་གོ་འགན་བཅོལ་འགན་སྲུང་ཐེབས་རྩ་ཚད་ཡོད་འགན་འཁྲི་ཀུང་སི་ལ་མངའ་ཁོངས་གི་འགན་བཅོལ་ཀུང་སིས་བཅའ་ཁྲིམས་ལྟར་འགན་བཅོལ་འགན་སྲུང་ཐེབས་རྩ་འཇལ་སྤྲོད་དང་། ཁྲིམས་ལྟར་མེད་པར་བཟོས་པའམ་ཡང་ན་མ་རྩ་སྟོངས་པའི་འགན་བཅོལ་ཀུང་སིའི་ཞིབ་རྩིས་རྒྱག་པའི་རྒྱུ་ནོར་ཁྲོད་ནས་ཐོབ་པའི་ཡོང་འབབ་དང་འབྲེལ་ཡོད་འགན་འཁུར་དགོས་མཁན་གྱི་སྐྱིན་ཚབ་དངུལ། ལེགས་སྐྱེས་སུ་ཕུལ་བའི་དངུལ་ལེན་པ་སོགས་ཀྱི་ཡོང་འབབ། ཁེ་ལས་ཀྱི་འབབ་ཁྲལ་བཅས་རྩ་ཆག་ཏུ་གཏོང་རྒྱུ། 

དེ་དང་དུས་མཚུངས་སུ་འགན་བཅོལ་འགན་སྲུང་ཐེབས་རྩ་ཀུང་སིས་གསར་དུ་བཙུགས་པའི་མ་དངུལ་གྱི་རྩིས་ཐོ་དང་། འགན་བཅོལ་ཀུང་སི་ལ་ཉེན་ཁ་ཐག་གཅོད་བྱེད་པའི་རོགས་སྐྱོབ་དང་མ་རྩ་རྡིབ་པའི་གོ་རིམ་ཁྲོད་བཞག་པའི་བདག་དབང་བརྗེ་སྒྱུར་གྱི་དཔང་ཡིག འགན་བཅོལ་ཀུང་སི་ལ་ཉེན་ཁ་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་དུ་ཀྲུང་གོའི་མི་དམངས་དངུལ་ཁང་གིས་གན་རྒྱ་བཞག་པའི་དངུལ་བུན་བསྐྱར་མ་སོགས་ཁྲལ་འཇལ་དགོས་པའི་དཔང་ཡིག་གི་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།