ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་གློག་འཕྲིན་བཏང་ནས་མཱེ་ཏི་ཝེ་ཅེ་ཧྥུའུ་ཡིས་བསྟུད་མར་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བརྒྱད་ཉིན་མཱེ་ཏི་ཝེ་ཅེ་ཧྥུའུ་ལ་གློག་འཕྲིན་བཏང་ནས། ཁོས་བསྟུད་མར་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བསྟུད་མར་ཆུ་ཚད་མཐོན་པོས་གོང་འཕེལ་དུ་སོང་ཡོད་ལ། ཕྱོགས་གཉིས་ཀྱི་འབྱོར་འཚོང་དང་དངུལ་གཏོང་། ནུས་ཁུངས། ཞིང་ལས། མཁའ་འགྲུལ་མཁའ་སྐྱོད། མི་ཆོས། ས་གནས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་བརྟན་བརླིང་ངང་སྤེལ་ནས། རྒྱལ་ཁབ་གཉིས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་ཡར་སྐུལ་ཆེན་པོ་བྱས་ཡོད། ངས་སྐུ་ཞབས་ཙུང་ལི་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཡར་སྐུལ་བྱེད་པར་བྱས་རྗེས་གསར་བ་འཇོག་པར་རེ་སྒུག་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།