ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་འགོ་འཛིན་བྱས་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1465d899eab28e3afceb3b4c23f05dac.jpg

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་ཐེངས་དང་པོར་ཐུན་མོང་གིས་སློབ་སྦྱོང་བྱེད་པའི་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་ཐེངས་དང་པོར་ཐུན་མོང་གིས་སློབ་སྦྱོང་བྱེད་པའི་ཚོགས་འདུ་ཚེས་བཅུ་བཞིའི་ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་ཟུར་ཞུགས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཤིག་པར་མ་ཟད། ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་ཐེངས་དང་པོར་ཐུན་མིང་གིས་སློབ་སྦྱོང་བྱེད་པའི་གྲོས་ཚོགས་ཤིག་ཀྱང་ཡིན་ལ། དེ་ནི་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཐུན་མོང་སློབ་སྦྱོང་ལམ་ལུགས་དངོས་སུ་བཙུགས་ནས་ལག་བསྟར་བྱས་པ་དང་། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱིས་སློབ་སྦྱོང་བྱེད་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་ཡོད་པ་མངོན་པར་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་འབྲེལ་ཡོད་དགོངས་དོན་གལ་ཆེན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་རྩ་བའི་བསླབ་གཞི་བྱེད་པ། གནད་དོན་བསམ་ནས་སློབ་སྦྱོང་དང་དོན་དངོས་ལ་སྦྲེལ་ནས་སློབ་སྦྱོང་བྱེད་པ། སློབ་སྦྱོང་བྱེད་པ་བརྒྱུད་ནས་རིག་ལམ་ཇེ་གསལ་དུ་གཏོང་བ་དང་ངེས་ཤེས་མཐོར་འདེགས་སུ་གཏོང་བ། སྲིད་གཞུང་བྱ་བའི་དོན་དངོས་དང་སྦྲེལ་ནས་ཉམས་མྱོང་སྤྱི་བསྡོམས་དང་མི་འདང་ས་འཚོལ་ཞིབ་བྱེད་པ། ཚད་གཞིའི་རེ་བ་ལྟར་དུ་སྲིད་གྲོས་བྱ་བའི་བྱེད་ཐབས་ལེགས་བཅོས་བྱེད་པར་ཞིབ་འཇུག་དང་ཤུགས་བསྣན་ཏེ། འགན་ནུས་ལག་བསྟར་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་འབད་བརྩོན་གྱིས་འབྲི་དགོས་ཟེར།

གྲོས་ཚོགས་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་པེ་ཅིན་ནས་འཚོགས་རྒྱུ་གཏན་འཁེལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།