ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྲིད་དོན་ཞབས་ཕྱི་མཉམ་དུ་སྒྲུབ་པ་དང་། ཁེ་ལས་དང་མང་ཚོགས་ཀྱིས་དོན་སྒྲུབ་པར་མཐུན་རྐྱེན་སྐྲུན་པར་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་ཤིང་།  རྒྱལ་ཡོངས་ཀྱི་ཕྱི་དངུལ་ཁེ་ལས་ཁྲོད་ཚོང་དོན་ཐོ་འགོད་དང་བཟོ་ཚོང་ཐོ་འགོད་མཉམ་དུ་སྒྲུབ་པའི་ཐག་བཅད་པར་མ་ཟད།  དངོས་གཟུགས་དཔལ་འབྱོར་གྱི་དངོས་སྐྱེལ་མ་རྩ་སྔར་ལས་ཇེ་དམར་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།