ལི་ཀྲན་ཧྲུའུ་ཡིས་མོ་ཙམ་པི་ཁེ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད།

9c7889a7c3a7c18fb7ec7dd9f5eef018.jpg

མོ་ཙམ་པི་ཁེ་གྲོས་ཁང་གི་གྲོས་དཔོན་མཱ་ཁ་མོ་ཡིས་གདན་དྲངས་པ་ལྟར། ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མོ་ཙམ་པི་ཁེ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད། པར་འདི་ནི་ལི་ཀྲན་ཧྲུའུ་ཡིས་མོ་ཕུ་ཐོ་ནས་མོ་ཙམ་ཁི་ཁེའི་ཙུང་ཐུང་ཉིག་ཞི་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཙམ་པི་ཁེའི་གྲོས་དཔོན་མཱ་ཁ་མོ་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་མོ་ཙམ་པི་ཁེ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད། མོ་ཕུ་ཐོ་ནས་ཙུང་ཐུང་ཉིག་ཞི་དང་གྲོས་དཔོན་མཱ་ཁ་མོ་ལ་སོ་སོར་མཇལ་འཕྲད་དང་གྲོས་མོལ་མཛད་པར་མ་ཟད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་དང་། 2018ལོའི་ཨ་ཧྥེ་རི་ཁའི་ཁུང་ཙི་སློབ་གླིང་མཉམ་འབྲེལ་གྲོས་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོ། མོ་ཙམ་པི་ཁེ་དང་ཀྲུང་གོའི་རིག་གནས་ལྟེ་གནས་ལས་གཞིའི་རྨང་གཞི་འདིང་བའི་མཛད་སྒོ། སྡེ་བ་ཁྲི་ལྷག་ལ་འཁོར་སྐོར་བརྙན་འཕྲིན་གཏོང་བའི་ལས་གཞི་མགོ་རྩོམ་པའི་མཛད་སྒོ་བཅས་ལ་ཞུགས་པ་དང་། ཀྲུང་གོ་དང་མོ་ཙམ་པི་ཁེའི་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་དང་ཀྲུང་གོས་ལས་རོགས་བྱས་པའི་མོ་ཕུ་ཐོ་མཚོ་བརྒལ་ཟམ་ཆེན་ལ་གཟིགས་ཞིབ་མཛད།

ཉིག་ཞི་ལ་མཇལ་འཕྲད་གནང་སྐབས། ལི་ཀྲན་ཧྲུའུ་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུ་བ་བརྒྱུད་སྒྲོག་མཛད། ལི་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་མོ་ཙམ་པི་ཁེ་གཉིས་ནི་ཁྱོན་ཡོངས་ཀྱི་གྲོགས་པོ་ཡིན་པས། ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཨ་ཧྥེ་རི་ཁ་བྱ་བའི་སྐོར་གྱི་འདུ་ཤེས་དང་ཡང་དག་ཁེ་ཕན་ལྟ་བ་གཞིར་བཟུང་སྟེ། མོ་ཙམ་ཕུ་ཁེ་ཡིས་རང་བདག་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། མོ་ཙམ་ཕུ་ཁེ་དར་རྒྱས་གོང་འཕེལ་དུ་གཏོང་བར་ལྷག་བསམ་རྣམ་དག་སྒོས་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཉིག་ཞི་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཁྲིད་གནང་འོག ཀྲུང་གོས་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་བླངས་པར་གདེང་འཇོག་གང་ལེགས་བྱས་པར་མ་ཟད། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་། ཕྱོགས་གཉིས་ཀྱི་ཞིང་ལས་དང་ནུས་ཁུངས། བཟོ་སྐྲུན་ལས་རིགས། གནས་སྐོར། རྨང་གཞིའི་སྒྲིག་ཆས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་པའི་ཚུལ་བསྟན།

མཱ་ཁ་མོ་དང་གྲོས་མོལ་མཛད་སྐབས་ལི་ཀྲན་ཧྲུའུ་ཡིས་མོ་ཙམ་པི་ཁེ་གྲོས་ཁང་གིས་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། ཁྲིམས་སྐྱོང་ཁོར་ཡུག་དང་དངུལ་གཏོང་ཁོར་ཡུག་བཟང་བོ་སྐྲུན་ཏེ། ཀྲུང་གོའི་དངུལ་གཏོང་ཁེ་ལས་སྔར་ལས་མང་པོས་མོ་ཙམ་པི་ཁེ་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་མཐུན་རྐྱེན་སྐྲུན་པའི་རེ་བ་བཏོན།

མཱ་ཁ་མོ་ཡིས་བཤད་རྒྱུར། མོ་ཙམ་པི་ཁེ་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་ཁྱོན་ཡོངས་ཀྱི་གྲོས་མོལ་དང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ལ་ཕན་ཚུན་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།