ཞི་ཅིན་ཕིང་གིས་པེ་ཅིན་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་མཛའ་མཐུན་ལྟ་ཞིབ་ཚོགས་པར་མཇལ་འཕྲད་གནང་།

2e85265de7c6b19bfd651d9590364bc1.jpg

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ་ཕུའུ་ཐེ་ཁྲིན་གྱིས་ཁྲིད་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་མཛའ་མཐུན་ལྟ་ཞིབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ་ཕུའུ་ཐེ་ཁྲིན་གྱིས་ཁྲིད་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་མཛའ་མཐུན་ལྟ་ཞིབ་ཚོགས་པར་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པ་དང་། ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་ཞུགས་ཡོད། ང་ཚོས་བྱང་ལྷོའི་འབྲེལ་བ་ལེགས་བཅོས་བྱེད་པ་དང་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་སྐུལ་འདེད་གཏོང་བ། ཕྱེད་གླིང་དུ་ཉིང་རྡུལ་མེད་པ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཁྲའོ་ཞན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བྱེད་པར་རྒྱབ་སྐྱོར་བྱེད་པ། ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱིས་ཁྲའོ་ཞན་ཏང་དང་མི་དམངས་ལ་འགོ་ཁྲིད་དེ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཏང་སྐྱོང་རྒྱལ་སྐྱོང་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། འདིར་ཞུགས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་རྣམས་ནི་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ལས་དོན་གོང་འཕེལ་དུ་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། ཁྱོད་ཚོས་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱི་འགོ་ཁྲིད་འོག ཁྲའོ་ཞན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པར་སྨོན་འདུན་ཞུ་བ་ཡིན་ཟེར།

ཕུའུ་ཐེ་ཁྲིན་གྱིས་བཤད་རྒྱུར། ཐེངས་འདིའི་ཁྲའོ་ཞན་ངལ་རྩོལ་ཏང་གི་མཛའ་མཐུན་ལྟ་ཞིབ་ཚོགས་པ་ནི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱི་མངག་བཅོལ་ལྟར་ཀྲུང་གོར་འཚམས་འདྲིར་ཡོང་བ་དང་དེའི་དམིགས་ཡུལ་ནི་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། ཁྲའོ་ཞན་ངལ་རྩོལ་ཏང་གིས་སྟོབས་ཤུགས་གཅིག་བསྡུས་སྒོས་ཐོག་མར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གསར་བ་ལག་བསྟར་དང་དངོས་འབེབས་བྱེད་པར་ནུས་པ་ཆེན་པོ་འདོན་པ་དང་། ཏང་གཉིས་ཀྱི་འགོ་ཁྲིད་པས་དངོས་སུ་ཇེ་མཐོར་བཏང་བའི་ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་རྒྱུ་དེ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།