ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«བཟོ་སྐྲུན་འཛུགས་སྐྲུན་ལས་གཞིར་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་ལག་བསྟར་ཚོད་ལྟ་བྱེད་པའི་སྐོར་གྱི་བརྡ་ཐོ»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«བཟོ་སྐྲུན་འཛུགས་སྐྲུན་ལས་གཞིར་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་ལག་བསྟར་ཚོད་ལྟ་བྱེད་པའི་སྐོར་གྱི་བརྡ་ཐོ»འགྲེམ་སྤེལ་བྱས།

«བརྡ་ཐོ»ལས་ཉིས་སྟོང་བཅོ་བརྒྱད་ལོར་ཚོད་ལྟ་ས་ཁུལ་གྱིས་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིར་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་ཀྱི་སྤྱི་ཁོག་དང་དོ་དམ་མ་ལག་འགྲུབ་པར་བྱེད་པ་དང་ཞིབ་བཤེར་ཆོག་མཆན་འགོད་པའི་ཉི་མ་ཕྱེད་ཀའི་ཡན་ཇེ་ཉུང་དུ་གཏོང་དགོས། ཉིས་སྟོང་བཅུ་དགུ་ལོར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིར་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ལོ་སྟོད་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་ཉི་མ་བརྒྱ་དང་ཉི་ཤུ་ཇེ་ཉུང་དུ་གཏོང་དགོས། ཉིས་སྟོང་ཉི་ཤུ་ལོར་རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིར་ཞིབ་བཤེར་ཆོག་མཆན་འགོད་པ་དང་དོ་དམ་ལ་ལག་ཕལ་ཆར་འགྲུབ་པར་བྱེད་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།