ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཆེད་ལས་ཞིང་པ་གསར་པའི་སྤྱིའི་གཞི་ཁྱོན་མི་ཁྲི་1500ལྷག་ཙམ་ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ཆེད་ལས་ཞིང་པ་གསར་པ་གསོ་སྐྱོང་དོ་དམ་གྱི་གསོ་སྦྱོང་འཛིན་གྲྭ་དང་ཞིང་པའི་སློབ་གསོ་གསོ་སྦྱོང་ལས་དོན་སྤེལ་ཡུལ་གྱི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2017ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཆེད་ལས་ཞིང་པ་གསར་པའི་སྤྱིའི་གཞི་ཁྱོན་མི་ཁྲི1500ལྷག་ཙམ་ཟིན་ནས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད།

ཞིང་ལས་དང་གྲོང་གསེབ་པུས་ཆེད་ལས་ཞིང་པ་གསར་པ་གསོ་སྐྱོང་གི་འདུ་འགོད་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ792སུ་ཞིང་ལས་ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་གསོ་སྦྱོང་འཆར་གཞི་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བ་དང་། མི་འབོར་དབུལ་པོར་ཕྱོགས་པ་དང་གཙོ་ཁྲིད་ཐོན་ལས་དང་ཁྱད་ལྡན་ཐོན་ལས་ལ་དམིགས་ནས་སྤེལ་བའི་ཆེད་དོན་རྩལ་ནུས་གསོ་སྦྱོང་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར5.4བཏང་ནས་ཞིང་པ་ཁྲི23.4ལ་གསོ་སྦྱོང་བྱས་ཏེ་ཐོན་ལས་དབུལ་སྐྱོར་ཐད་སྒུལ་ཤུགས་ཆེན་པོ་ཞིག་སྤྲད་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།