ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཧེ་ཧྲན་གྲོས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1122914155_15276884426991n.jpg

ཟླ5བའི་ཚེས30ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཧེ་ཧྲན་གྲོས་ཁང་གི་གྲོས་དཔོན་པུའུ་ལཱ་ཡེ་ཝེ་ཆི་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་སུམ་ཅུའི་ཉིན་པེ་ཅིན་ནས་ཧེ་ཧྲན་གྲོས་ཁང་གི་གྲོས་དཔོན་པུའུ་ལཱ་ཡེ་ཝེ་ཆི་འཁོར་དང་བཅས་པར་མཇལ་འཕྲད་གནང་། ཝང་དབྱང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧེ་ཧྲན་བར་ལ་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་ཡིད་ཆེས་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དགོངས་དོན་གཞིར་བཟུང་ནས་བརྗེ་རེས་དང་མཉམ་ལས་སྤེལ་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཉམ་དུ་བྱས་རྗེས་ཆེན་པོ་བཞག་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་ཡིན་པ་དང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་སོང་ཡོད་པར་མ་ཟད། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧེ་ཧྲན་ཕྱོགས་དང་མཉམ་དུ་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཧེ་ཧྲན་གྲོས་ཁང་དང་མཉམ་དུ་མཛའ་མཐུན་འགྲོ་འོང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

པུའུ་ལཱ་ཡེ་ཝེ་ཆི་ཡིས་བཤད་རྒྱུར། ཧེ་ཧྲན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཧེ་ཧྲན་གྲོས་ཁང་གིས་ཀྲུང་གོའི་ཕྱོགས་དང་བརྗེ་རེས་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་ཀྱི་སྒྲོམ་གཞིའི་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཡོ་རོབ་གླིང་དབུས་མའི་འབྲེལ་བ་ཧུར་ཐག་གིས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་བཟང་པོ་འདོན་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།