ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་འགོ་གཙོ་བར་གྱི་ཐུག་འཕྲད་ཐེངས་བཞི་བ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4.jpg

ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པཱ་ཐིག་ཐུའུ་ལི་ཀ་དང་ཆིན་ཏོ་ནས་ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་འགོ་གཙོ་བར་གྱི་ཐུག་འཕྲད་ཐེངས་བཞི་བ་སྤེལ། ཞི་ཅིན་ཕིང་གིས་ཐུག་འཕྲད་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དགུ་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པཱ་ཐིག་ཐུའུ་ལི་ཀ་དང་ཆིན་ཏོ་ནས་ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་འགོ་གཙོ་བར་གྱི་ཐུག་འཕྲད་ཐེངས་བཞི་བ་སྤེལ། ཞི་ཅིན་ཕིང་གིས་ཐུག་འཕྲད་ལ་འགོ་འཛིན་མཛད། རྒྱལ་ཁབ་གསུམ་གྱི་འགོ་གཙོས་ཕྱོགས་གསུམ་མཉམ་ལས་ཀྱི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་ནས། གོ་རིམ་རྗེས་མའི་ལས་འགན་དང་ཁ་ཕྱོགས་མཉམ་དུ་གཏན་འཁེལ་བྱས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་ནི་ཁྱིམ་མཚེས་ཡིན་ལ། ཕན་ཚུན་བར་སྲོལ་རྒྱུན་འཐབ་ཇུས་གྲོགས་པོར་བརྩིས་པ་དང་། ཕྱོགས་གསུམ་གྱི་མཉམ་ལས་ལ་རང་བྱུང་ཁྱད་སྟོབས་དང་རྨང་གཞི་བཟང་བོ་ལྡན། དཔལ་འབྱོར་འཛམ་གླིང་ཅན་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་དེང་འདིར། ཕྱོགས་གསུམ་གྱིས་མཉམ་དུ་སྟོབས་ཤུགས་བཏོན་ནས་གཉིས་ཕན་མཉམ་རྒྱལ་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་ཀུན་ཕན་བགྲོད་ལམ་གསར་གཏོད་བྱེད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་མིག་དཔེ་སྟོན་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གོ་རིམ་རྗེས་མར། ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱིས་ཆབ་སྲིད་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕན་ཚུན་བར་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་གནད་དོན་གལ་ཆེན་ལ་ལྟ་རྟོག་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་དགོས་པར་མ་ཟད། ཆབ་སྲིད་ཀྱི་ཐད་ནས་མཉམ་ལས་ཀྱི་ཁ་ཕྱོགས་ཚོད་འཛིན་བཟང་བོ་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོ མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་ཧ་ཅང་གལ་ཆེ། ཨུ་རུ་སི་ཕྱོགས་ཀྱིས་ཕྱོགས་གསུམ་བར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་རྨང་གཞིའི་སྒྲིག་ཆས། སྒོ་ཁྲལ། གནས་སྐོར་སོགས་མཉམ་ལས་ལ་ཤུགས་བསྣན་ཏེ། ཉོ་ཚོང་དང་མི་སྣ་བར་གྱི་འགྲོ་འོང་ལ་སྟབས་བདེ་སྐྲུན་པར་ཧ་ཅང་འཐད་པའི་ཚུལ་བསྟན།

པཱ་ཐིག་ཐུའུ་ལི་ཀ་ཡིས་བཤད་རྒྱུར། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སི་དང་མཉམ་དུ་འབད་བརྩོན་བྱས་ནས། ཕྱོགས་གསུམ་མཉམ་ལས་ཀྱི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་ད་ང། ཀྲུང་གོ་དང་མོང་གོལ། ཨུ་རུ་སི་བཅས་ཀྱི་དཔལ་འབྱོར་བར་ཁྱམས་མྱུར་དུ་འཛུགས་སྐྲུན་བྱས་ཏེ། རྨང་གཞིའི་འཛུགས་སྐྲུན་དང་ནུས་ཁུངས་སྐྱེལ་འདྲེན་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཏིན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལི་ཧྥུན་བཅས་ཐུག་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།