ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་དབུལ་ཐར་མཁྲེགས་གཏོར་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། གནད་ཕིགས་དབུལ་ཐར་མངོན་འགྱུར་བྱེད་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཅིས་ཀྱང་རྒྱལ་ཁ་ལེན་པའི་མཁྲེགས་གཏོར་འཐབ་ཇུས་ཤིག་ཡིན་པ་དང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་ཞིག་ཡིན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱེད་པའི་ལོ་གསུམ་འགུལ་སྐྱོད་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ནས། འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་བྱེད་དགོས་ལ། དབུལ་ཕོངས་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་གཅིག་སྡུད་བྱས་ཏེ། ཕྲ་ཞིང་ཞིབ་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་སྡེ་བ་དང་ཁྱིམ་ཚང་སོ་སོར་དངོས་འབེབས་བྱེད་དགོས་པ་དང་། ལས་གཞིའི་མ་དངུལ་དོ་དམ་ལ་ཤུགས་སྣོན་ཞིང་འགན་འཁྲི་གཏན་འཁེལ་བྱེད་པ་དང་སྟོབས་ཤུགས་ཆེན་པོ་གཅིག་སྡུད་དང་ནན་ཏན་སྒོས་བྱ་བ་སྒྲུབ་ནས། ལོ་རེར་འཕེལ་རིམ་གསར་བ་ཞིག་འབྱུང་བར་འགན་སྲུང་བྱེད་དགོས། གནད་ཕིགས་དབུལ་སྐྱོར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཕན་ཚུན་ལ་སྐུལ་འདེད་གཏོང་བར་ཡིད་འཇོག་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་དང་ཞང་སྡེ་དར་སྤེལ་འཐབ་ཇུས་ཕན་ཚུན་འབྲེལ་མཐུད་བྱེད་པར་ཡིད་འཇོག་བྱེད་པ། ཕྱི་ཕྱོགས་དབུལ་སྐྱོར་དང་ནང་ཁུལ་གྱི་གསོན་ཤུགས་ཇེ་ཆེར་གཏོང་བ་མཉམ་འབྲེལ་བྱེད་པར་ཡིད་འཇོག་བྱས་ཏེ། དབུལ་ཕོངས་མང་ཚོགས་བརྟན་འཇགས་སྒོས་དབུལ་ཐར་བྱེད་པ་དང་རིམ་བཞིན་ཕྱུག་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། ལོ་གསུམ་གྱི་ནང་དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་རྒྱུར་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།