ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་དབུལ་ཐར་མཁྲེགས་གཏོར་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། དབུལ་ཐར་མཁྲེགས་གཏོར་བྱ་བར་དཀའ་ཚེགས་ཆེ་ཞིང་ལས་འགན་ལྕི་བས། ངེས་པར་དུ་དོན་དངོས་སྒྲུབ་པ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྔར་ལས་ཆེ་བའི་སྤོབས་སེམས་བཅངས་པ་དང་སྔར་ལས་ནན་ཏན་གྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡིད་ཆེས་བརྟན་ཞིང་སྤོབས་པ་ཆེར་སྐྱེད་སྒོས་འབད་འཐབ་བྱེད་པར་སྣེ་ཁྲིད་བྱེད་པ་དང་། དམངས་སེམས་གཅིག་སྒྲིལ་སྒོས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་རྒྱལ་ཁ་ལེན་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་པ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཏུ་བརྩིས་ཏེ། ཀྲུང་དབྱང་གིས་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དངོས་འབེབས་བྱ་བ་དམ་འཛིན་བྱེད་པའི་དོ་དམ་སྒྲིག་སྲོལ་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཏང་སྲིད་འགོ་ཁྲིད་པ་གཙོ་བོས་སྤྱིའི་འགན་འཁུར་བའི་འགན་འཁྲི་ལམ་ལུགས་ཇེ་དྲག་ཏུ་བཏང་སྟེ་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ་དང་ཕན་འབྲས་དངོས་ཐོབ་པར་དམ་འཛིན་བྱེད་དགོས། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་དང་དབུལ་སྐྱོར་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་དགོས། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཏང་སྲིད་ལས་ཁུངས་ཀྱི་དབུལ་སྐྱོར་བྱེད་སའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དབུལ་ཐར་མཁྲེགས་གཏོར་ཁྲོད་ཞུགས་པའི་བརྩོན་སེམས་བསྐྱེད་ནས། སྲིད་གཞུང་དང་ཚོང་ར། སྤྱི་ཚོགས་མཉམ་འབྲེལ། ལས་རིགས་དབུལ་སྐྱོར། ཆེད་དོན་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་མཉམ་འབྲེལ་བྱེད་པ་མངོན་འགྱུར་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།