ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧུའུ་ནན་ཞིང་ཆེན་གྱི་ཧིན་ཡང་དང་ཁྲང་ཧྲ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3accc56255710265b2bbe70df15ac07f.jpg

ཟླ6པའི་ཚེས11ཉིན་ནས་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧུའུ་ནན་ཞིང་ཆེན་གྱི་ཧིན་ཡང་དང་ཁྲང་ཧྲ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས11ཉིན་ནས་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧུའུ་ནན་ཞིང་ཆེན་གྱི་ཧིན་ཡང་དང་ཁྲང་ཧྲ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

ཧིན་ཡང་གྲོང་ཁྱེར་གྱི་པེ་ཧྲོས་སྡེ་བའི་ཞིང་ཁ་ནས་ལིས་ཁི་ཆང་གིས་ཆུ་འབྲས་སྐྱེས་ཚུལ་ལ་གཟིགས་ཞིབ་བྱས་པ་དང་ཞིང་བ་མང་ཚོགས་དང་མཉམ་དུ་ཆུ་འབྲས་འདེབས་པའི་ཞིང་སའི་གཞི་ཁྱོན་དང་ཕྱོགས་གང་ལ་རོགས་སྐྱོར་བྱེད་དགོས་པའི་སྐོར་ཞིབ་འདྲི་བྱས། ལིས་ཁི་ཆང་གིས་གསུངས་རྒྱུར། མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་གི་བཟའ་བཏུང་ནི་ཀུན་ལས་དོན་ཆེན་ཞིག་ཡིན་པས། ཞིང་ལས་ཐད་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་ཆུ་བེད་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ལ། ས་བབ་དང་བསྟུན་ནས་ལུགས་མཐུན་གཞི་ཁྱོན་བདག་གཉེར་དང་ཞིབ་ཕྲའི་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཇེ་མཐོར་བཏང་ནས་ཞིང་བར་འདེབས་འཛུགས་ལས་རིགས་ཐད་ནས་ཁེ་ཕན་ཐོབ་ཏུ་འཇུག་པ་དང་ཁོ་ཚོའི་སེམས་སེམས་སྲུང་སྐྱོབ་བྱེད་དགོས་ཟེར།

ལིས་ཁི་ཆང་པེ་ཧྲ་ཀྲིག་བཟོ་ལས་ས་ཁུལ་དུ་ཕེབས་ཏེ་ཧུའུ་ནན་ཞིང་ཆེན་གྱིས་ཐོན་ལས་སྤོ་སྒྱུར་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁོང་གིས་གསུངས་རྒྱུར། ཤར་རྒྱུད་ཐོན་ལས་དེ་དབུས་ནུབ་རྒྱུད་དུ་སྤོ་སྒྱུར་བྱེད་པ་དེ་དཔལ་འབྱོར་གྱི་ཆོས་ཉིད་དང་མཐུན་པ་དང་ཁུལ་ཁོངས་དོ་མཉམ་མཐུན་སྦྱོར་འཕེལ་རྒྱས་ལ་ཕན་པ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ། གསར་རྙིང་སྒུལ་ནུས་མྱུར་དུ་སྤོ་སྒྱུར་དང་དཔལ་འབྱོར་ཚུལ་སྒྱུར་རིམ་འཕར་ལ་དམིགས་ནས་ཐོན་ལས་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་སྤོ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ཉེ་བའི་ལོ་འགའི་རིང་ལ་ཧུའུ་ནན་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག གསར་གཏོད་གསར་སྐྲུན་དང་ཏན་ཏན་ཏིག་ཏིག་སྒོས་བྱ་བ་སྒྲུབ་པ་དང་། ཧུར་ཐག་སྒོས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།