ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་བཅས་ཀྱིས«དམག་དཔུང་གིས་རིན་ཡོད་ཞབས་ཕྱི་ཁྱོན་ཡོངས་ནས་མཚམས་འཇོག་པའི་བྱ་བ་ལག་བསྟར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་བཅས་ཀྱིས«དམག་དཔུང་གིས་རིན་ཡོད་ཞབས་ཕྱི་ཁྱོན་ཡོངས་ནས་མཚམས་འཇོག་པའི་བྱ་བ་ལག་བསྟར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»འགྲེམ་སྤེལ་བྱས་ཏེ། དམག་དཔུང་དང་ས་གནས་ཀྱི་རིམ་པ་སོ་སོས་དམག་དཔུང་གིས་རིན་ཡོད་ཞབས་ཕྱི་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་བྱ་བ་ལག་བསྟར་བྱེད་པར་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས།

«མཛུབ་སྟོན་བསམ་འཆར»ལས་བསྟན་དོན། དམག་དཔུང་གིས་རིན་ཡོད་ཞབས་ཕྱི་ཁྱོན་ཡོངས་ནས་མཚམས་འཇོག་པ་ནི་དམག་དཔུང་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་མཉམ་དུ་འཁུར་བའི་འགན་འཁྲི་ཡིན་པས། འབྲེལ་ཡོད་ཕྱོགས་སོ་སོས་ཧ་ཅང་མཐོང་ཆེན་བྱས་ཏེ་འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་དང་བྱ་བའི་འཆར་འགོད་ལ་ཤུགས་སྣོན་ཞིང་ཏང་ཨུའི་འགོ་ཁྲིད་བློ་མཐུན་གྱིས་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ་དང་སྤོབས་པ་ཆེན་པོས་འགན་འཁུར་ནས་དངོས་སུ་ལག་བསྟར་དང་དམ་འཛིན་བྱེད་དགོས། གཟབ་ནན་གྱི་སྤྱོད་ཚུལ་ལ་བརྟེན་ནས་བྱ་བའི་ཚད་གཞི་མཐོ་བ་དངོས་འབེབས་བྱས་ནས་དུས་ལྟར་དམག་དཔུང་གིས་རིན་ཡོད་ཞབས་ཕྱི་ཁྱོན་ཡོངས་ནས་མཚམས་འཇོག་པའི་ལས་འགན་ཡོངས་འགྲུབ་བྱེད་རྒྱུར་འགན་སྲུང་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།