ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། མཁའ་དབུགས་དག་གཙང་སྲུང་སྐྱོབ་འཐབ་ཇུས་ཀྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས་རྒྱུན་མཐུད་སྒོས་མཁའ་དབུགས་སྤུས་ཚད་ལེགས་བཅོས་བྱེད་རྒྱུར་བཀོད་སྒྲིག་བྱས་པ་དང་། ནང་འདྲེན་བྱེད་ཐབས་སྔར་ལས་རྒྱ་བསྐྱེད་དེ་སྒྲིག་གཞི་ལེགས་སྒྲིག་དང་དམངས་ཚིས་ལེགས་བཅོས། ཕྱི་ཕྱོགས་ཉོ་ཚོང་དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་གཏན་འཁེལ་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རེ་བ་ལྟར། མང་ཚོགས་ཀྱི་རེ་སྒུག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་དང་བསྟུན་ནས་མཁའ་དབུགས་ཆེན་པོའི་དོན་ཚན་བཅུའི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ་དང་མཁའ་དབུགས་སྤུས་ཚད་ལེགས་བཅོས་བྱེད་པའི་རྨང་གཞིའི་སྟེང་པེ་ཅིན་དང་ཐེན་ཅིན། ཧི་པེ། དེ་མིན་མཐའ་འཁོར་ས་ཁུལ་དང་འབྲི་ཆུའི་ཟུར་གསུམ་ས་ཁུལ་སོགས་ཁུལ་ཁོངས་འཐབ་ཡུལ་གཙོ་བོ་བྱས་ཏེ། ལོ་གསུམ་ལ་འབད་བརྩོན་བྱས་པ་བརྒྱུད་དེ་མཁའ་དབུགས་བཙོག་བཟོའི་རྣམ་པ་མངོན་གསལ་སྒོས་ལེགས་སྒྱུར་བྱེད་དགོས། གཅིག མགོ་ཁོངས་ནས་འགོག་བཅོས་དང་ཚོད་འཛིན་བྱེད་པ་དང་འགོག་བཅོས་བྱ་བ་གཙོར་འཛིན་དགོས། གཉིས། ཚན་རིག་དང་མཐུན་ཞིང་ལུགས་མཐུན་སྒོས་བཙོག་བཟོའི་རྣམ་པ་བཅོས་སྐྱོང་བྱེད་དགོས། གསུམ། ཁོར་ཡུག་ལྟ་སྐུལ་རྣམ་པ་གསར་སྐྲུན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།