ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཁོང་ཀོ་པུའུ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

159f20642d5c031ed4ba4d5ee0d81d11.jpg

ཁོང་ཀོ་པུའུ་གྲོས་ཞུགས་ཁང་གི་གྲོས་དཔོན་ཨིན་ཀི་ལོ་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་ཁོང་ཀོ་པུའུ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད། པར་འདི་ནི་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཝང་དབྱང་གིས་པུའུ་ལ་ཁྲེ་ཝེ་ཨར་ནས་ཁོང་ཀོ་པུའུ་ཡི་ཙུང་ཐུང་ས་སུའུ་ལ་མཇལ་འཕྲད་གནང་བའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོང་ཀོ་པུའུ་གྲོས་ཞུགས་ཁང་གི་གྲོས་དཔོན་ཨིན་ཀི་ལོ་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཟླ6པའི་ཚེས11ཉིན་ནས་ཚེས13ཉིན་བར་ཁོང་ཀོ་པུའུ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་དེ། ཙུང་ཐུང་ས་སུའུ་དང་ཙུང་ལི་མུའུ་ཨན་པ། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཝུའུ་པ་བཅས་ལ་སོ་སོར་མཇལ་འཕྲད་གནང་བར་མ་ཟད། ཨིན་ཀི་ལོ་དང་གྲོས་མོལ་མཛད།

ས་སུའུ་ལ་མཇལ་འཕྲད་གནང་སྐབས། ཝང་དབྱང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་སྒྲོག་མཛད་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་སྟེང་ཙུང་ཐུང་ས་སུའུ་དང་ཀྲུང་གོ་དང་ཁོང་ཀོ་བར་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་དགོངས་འཆར་བརྗེ་རེས་བྱེད་རྒྱུར་རེ་སྒུག་བྱས་ཡོད་ཟེར། ཝང་དབྱང་གིས་གསུངས་རྒྱུར། ངས་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་ཐོག་མར་ཁོང་ཀོ་པུའུ་ལ་འཚམས་འདྲི་བྱས་པ་ལས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁོང་ཀོ་བར་གྱི་འབྲེལ་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དུས་དང་རྣམ་པ་ཀུན་ཏུ་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད། ཀྲུང་གོ་དང་ཁོང་ཀོ་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཉམ་ལས་དམ་པོ་བྱས་ནས། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་དམ་དུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་དངོས་གཉེར་མཉམ་ལས་ལ་དམིགས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ཨིན་ཀི་ལོ་དང་གྲོས་མོལ་བྱེད་སྐབས། ཝང་དབྱང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁོང་ཀོ་གཉིས་ནི་གྲོགས་པོ་བཟང་བོ་ཡིན་ལ། ངས་ཐེངས་འདིར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོ་དང་ཁོང་ཀོ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ཇེ་དམ་དུ་གཏོང་རྒྱུ་དེ་ཡིན། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁོང་ཀོང་གྲོས་ཞུགས་ཁང་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱུས་ལོན་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཁོང་ཀོ་བར་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཧུར་ཐག་སྒོས་འབྲེལ་འདྲིས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

མུའུ་ཨན་པ་དང་མུའུ་ཝུའུ་པ་གཉིས་ལ་མཇལ་འཕྲད་གནང་སྐབས། ཝང་དབྱང་གིས་གསུངས་རྒྱུར། ཉེ་བའི་ལོར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་ཁྲིད་སྟོན་བྱས་འོག ཕྱོགས་གཉིས་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་། ནུས་ཁུངས་ཐོན་ཁུངས་གསར་སྤེལ་བྱེད་པ། མཁའ་སྐྱོད་སྐྱེལ་འདྲེན། དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཁོང་ཀོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བཟང་བོ་དང་ཇུས་འགོད་བཟང་བོ་བྱས་ནས། ཀྲུང་གོ་དང་ཁོང་ཀོ་གཉིས་ཀྱི་མཉམ་ལས་ཀྱི་ཁོར་ཡུག་བཟང་བོ་སྐྲུན་པ་དང་། དམངས་ཚིས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། དབུལ་ཐར་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

འཚམས་འདྲི་བྱེད་སྐབས། ཝང་དབྱང་གིས་ད་རུང་མུའུ་ཕིས་ལ་སློབ་འབྲིང་དང་ཀྲུང་གོ་དང་ཁོང་ཀོའི་ཨ་ཧྥེ་རི་ཁ་དངུལ་ཁང་སོགས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལས་གཞི་ལ་གཟིགས་སྐོར་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཞ་པའོ་ལུང་གོང་གི་བྱ་འགུལ་ཁྲོད་ཞུགས། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།