ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་ཐེབས་རྩའི་ཀྲུང་དབྱང་སྙོམས་སྒྲིག་ལམ་ལུགས་འཛུགས་པའི་སྐོར་གྱི་བརྡ་ཐོ»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་ཐེབས་རྩའི་ཀྲུང་དབྱང་སྙོམས་སྒྲིག་ལམ་ལུགས་འཛུགས་པའི་སྐོར་གྱི་བརྡ་ཐོ»འགྲེམ་སྤེལ་བྱས་ཏེ། རྒན་གསོ་ཉེན་ཚབ་ཐེབས་རྩའི་ཀྲུང་དབྱང་སྙོམས་སྒྲིག་ལམ་ལུགས་འཛུགས་པ་དང་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཐག་བཅད།

«བརྡ་ཐོ»ལས་ད་ལྟ་ལག་བསྟར་བྱེད་པའི་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་རྨང་གཞིའི་སྟེང་རྒན་གསོ་ཉེན་ཚབ་ཀྲུང་དབྱང་སྙོམས་སྒྲིག་ཐེབས་རྩ་བཙུགས་ཏེ། ཞིང་ཆེན་སོ་སོའི་རྒན་གསོ་ཉེན་ཚབ་ཐེབས་རྩར་འོས་འཚམ་སྒོས་སྙོམས་སྒྲིག་བྱས་ནས། གཞི་རྩའི་རྒན་གསོ་མ་དངུལ་དུས་ལྟར་སྟེར་རྒྱུ་འགན་སྲུང་བྱེད་རྒྱུ་གཏན་འཁེལ་གསལ་བོ་བྱས་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།