ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུང་མེན་གྱིས་གཞི་རིམ་གྱི་དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བ་བཅོས་སྒྱུར་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས11ཉིན་ནས་ཚེས13ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུང་མེན་གྱིས་ཧི་ནན་ཞིང་ཆེན་དུ་རྟོག་ཞིབ་བྱེད་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། མི་དམངས་གཙོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་བའི་རེ་བ་གསར་བ་ཁོང་དུ་ཆུད་པར་བྱས་ནས། སྟོབས་ཤུགས་ཡོད་རྒུས་གཞི་རིམ་གྱི་དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བར་གཙིགས་འཛིན་དང་གསར་གཏོད་བྱས་ཏེ། མང་ཚོགས་ལ་དྲིལ་སྒྲོག་བཟང་བོ་དང་མང་ཚོགས་གཅིག་སྡུད་བྱེད་པ། མང་ཚོགས་ལ་ཞབས་ཕྱི་སྒྲུབ་པ་བཅས་བྱས་ནས། བྱས་རྗེས་གསར་བ་དང་གྲུབ་འབྲས་གསར་བར་བརྟེན་ནས་མི་རྣམས་ཀྱི་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན།  རིག་གནས་རང་རྟོན་བཅས་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་སྐབས། ཧོང་ཁུང་མེན་སྔ་གཞུག་ཏུ་ཀྲིན་ཀྲིག་དང་ཁེ་ཧྥིན། ཀྲིག་ཁུ། ཞུའུ་ཁྲང་བཅས་ས་ཁུལ་གྱི་ཞིང་སྡེ་དང་སྡོད་ཁུལ། ཁེ་ལས། དྲིལ་སྒྲོག་རིག་གནས་ལས་ཁུངས། རིག་དངོས་སྲུང་སྐྱོབ་ལས་ཁུངས་སོགས་ལ་སོང་སྟེ། གཞི་རིམ་གྱིས་དོན་དངོས་དང་སྦྲེལ་ཏེ་དྲིལ་སྒྲོག་བསམ་བློའི་བྱ་བ་དང་རིག་གནས་འཛུགས་སྐྲུན་བྱ་བ་གསར་གཏོད་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། བྱ་བར་གཙིགས་འཛིན་དང་ལེགས་བཅོས་བྱེད་པའི་བསམ་འཆར་དང་གྲོས་གཞི་ལ་ཞིབ་ཏུ་ཉན།

ཧོང་ཁུང་མེན་གྱིས་ནན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་བའི་དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བ་བཟང་བོར་སྒྲུབ་པའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་དུས་རབས་ཀྱི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། རིགས་གཞུང་དྲག་ཆས་སྤྲས་པ་དང་། གསར་འགྱུར་དཔེ་སྐྲུན། རིག་རྩལ་གསར་རྩོམ། བསམ་བློའི་ཆབ་སྲིད་དང་སློབ་གསོ། བསམ་པའི་དཔལ་ཡོན་གསར་འཛུགས་བཅས་ཕྱོགས་སོ་སོའི་བྱ་བ་མཉམ་དུ་ལེགས་སྒྲུབ་བྱེད་པར་སྐུལ་འདེད་བཏང་སྟེ། ཏང་གི་གསར་གཏོད་རིགས་གཞུང་གཞི་རིམ་དང་མང་ཚོགས་ལ་ཤེས་སུ་འཇུག་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།