ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཀྲའོ་ནན་ཆི་པེ་ཅིན་ནས་སྐུ་གཤེགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་ཡུན་རིང་ཉམས་སད་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཕུལ་དུ་བྱུང་བའི་མི་རིགས་བྱ་བའི་འགོ་ཁྲིད་པ། རང་རེའི་དམག་དཔུང་གི་དེང་རབས་མཁོ་སྒྲུབ་འཛུགས་སྐྲུན་གྱི་འགོ་ཁྲིད་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཨུ་ཡོན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྔོན་ཆད་ཀྱི་སྤྱིའི་མཁོ་སྒྲུབ་པུའུ་ཡི་པུའུ་ཀྲང་། དམག་དོན་ཚན་རིག་གླིང་གི་སྔོན་ཆད་ཀྱི་ཡོན་ཀྲང་བློ་མཐུན་ཀྲའོ་ནན་ཆི་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་དུས་ཚོད་ཉེར་གསུམ་དང་སྐར་མ་བཅུ་གཉིས་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་དགུང་ལོ་གོ་གཅིག་རེད།

བློ་མཐུན་ཀྲའོ་ནན་ཆི་གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོའི་ཟླ་བཅུ་གཉིས་པར་གསར་བརྗེ་བྱ་བར་ཞུགས་ཤིང་གཅིག་སྟོང་དགུ་བརྒྱ་ཞེ་བདུན་ལོའི་ཟླ་གཉིས་པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་གཅིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོའི་ཟླ་དགུ་བར་ཁོ་ལ་ཧྲང་ཅང་དམག་དཔོན་གྱི་དམག་རྟགས་གནང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།