ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་པོ་ལི་ཝེ་ཡའི་ཙུང་ཐུང་མཱོ་ལཱ་ལའེ་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

栗战书分别会见玻利维亚总统莫拉莱斯.jpg

ཟླ6པའི་ཚེས19ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པོ་ལི་ཝེ་ཡའི་ཙུང་ཐུང་མཱོ་ལཱ་ལའེ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས19ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པོ་ལི་ཝེ་ཡའི་ཙུང་ཐུང་མཱོ་ལཱ་ལའེ་སི་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་རྣམ་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད་དེ་ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཇེ་མཐོར་གཏོང་བ་དང་ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བ་དེ་དུས་རབས་གསར་བར་ཞུགས་པར་སྣེ་ཁྲིད་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་རྒྱལ་ཁབ་རང་རང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་ཞིང་ཕན་ཚུན་བར་ཡིད་འཇོག་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱི་འཕེལ་རྒྱས་དང་མཉམ་ལས་ཐད་ལ་ལམ་ལུགས་དང་བཅའ་ཁྲིམས་འགན་སྲུང་དང་སྤྱི་ཚོགས་རྨང་གཞི་འདོན་སྤྲོད་བྱེད་དགོས་པ་དང་། ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བ་དེ་ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་འབྲེལ་བ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་སྟོན་ཞིག་ཏུ་གསར་སྐྲུན་བྱེད་དགོས་ཟེར།

མཱོ་ལཱ་ལའེ་སི་ཡིས་བཤད་རྒྱུར། ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་གང་རུང་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོས་པོ་ལི་ཝེ་ཡ་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ཕྱོགས་གཉིས་ཀྱིས་སྲིད་འཛིན་འདུ་ཤེས་དང་རྒྱལ་སྤྱིའི་ལས་དོན་ཐད་འཛིན་པའི་ལངས་ཕྱོགས་འདྲ་མཚུངས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཕྱོགས་གཉིས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།