ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འགྲོ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་འཐུས་ཚབ་ཚོགས་པས་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་ལ་འཚམ་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གོའི་འགྲོ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་འཐུས་ཚབ་ཚོགས་པས་ཞི་ལ་དང་ལི་ཐུ་ཝན་ནི་ཡ། ལ་ཐེ་ཝི་ཡ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། རྒྱལ་ཁབ་གསུམ་གྱི་གྲོས་ཚོགས་དང་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་དང་འགྲོ་མིའི་ཐོབ་ཐང་ལས་ཁུངས་དང་སྲིད་གཞུང་རྩ་འཛུགས་མིན་པའི་ཆེད་མཁས་པ་དང་ཤེས་ཡོན་ཅན་ལ་ཐུག་འཕྲད་བྱས།

འཐུས་ཚབ་ཚོགས་པས་བཅོས་སྒྱུར་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མཚམས་སྦྱོར་བྱས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པ་དང་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བ་འགན་སྲུང་བྱས་པ་ནན་གྱིས་བསྟན།

ཕྱི་ཕྱོགས་ཀྱི་མི་སྣས་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཚོགས་པའི་འདུ་ཤེས་དང་རྒྱུད་གཅིག་ལམ་གཅིག་གི་གྲོ་འགོ་བཏོན་པར་གདེང་འཇོག་ཆེན་པོ་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།