ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁུ་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུང་རྒྱུར། ཟླ་སྔོན་མའི་ནང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་སོ་སོར་བསྟུད་མར་འགོ་ཁྲིད་ལ་བསྐོ་འཇོག་བྱས་རྗེས་མཇལ་འཕྲད་ཐོག་མ་གནང་ནས། དུས་རབས་གསར་བའི་ནང་གི་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་འཐབ་ཇུས་སྣེ་སྟོན་མཛད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་ཆུ་ཚད་མཐོ་ལ་བདེ་ཐང་བརྟན་འཇགས་ཀྱི་ངང་ནས་མདུན་དུ་སྐྱོད་པར་ཡིད་ཆེས་ཟབ་མོ་ཡོད་ཅིང་། རང་སོ་སོ་འཕེལ་རྒྱས་བསྐྱར་དར་ཡོང་བར་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་འབད་འཐབ་བྱས་ཏེ། ཁྱོན་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་བ་ལག་བསྟར་དངོས་འབེབས་བྱས་ནས། བར་མ་ཆད་པའི་སྒོ་ནས་མཉམ་ལས་ཀྱི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། རྒྱུད་ཆད་མེད་པའི་སྒོ་ནས་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་ལ་འབད་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་དང་མཛའ་མཐུན་བརྗེ་རེས་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་ལེགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཱ་ཐི་ཝེ་ཡན་ཁུ་ཡིས་གསུངས་རྒྱུར། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ནི་གལ་ཆེན་པོ་ཡིན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་སྤྱི་ཚོགས་སྡེ་ཁག་སོ་སོའི་བར་གྱི་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་བསྣན་ནས། མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མཛའ་བརྩེ་ཇེ་དམ་དུ་གཏོང་བར་འབད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་འདོད་ཡོད་ཟེར།

ཞ་པའོ་ལུང་ཐེངས་འདིའི་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།