ལིས་ཁི་ཆང་གིས་པའོ་ཅ་ལི་ཡ་དང་འཇར་མན་ལ་འཚམས་འདྲི་མཛད་ཚར་ནས་ཕྱིར་པེ་ཅིན་དུ་ལོག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པའོ་ཅ་ལི་ཡ་ལ་དངོས་གཞིའི་འཚམས་འདྲི་མཛད་ཚར་བ་མ་ཟད་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བདུན་པར་ཞུགས་པ་དང་། འཇར་མན་དུ་ཕེབས་ནས་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་སྐོར་ཐེངས་ལྔ་པར་འགོ་འཛིན་མཛད་པར་མ་ཟད་འཇར་མན་ལ་དངོས་གཞིའི་འཚམས་འདྲི་མཛད་རྗེས། ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་ཆེད་བཏང་གནམ་གྲུར་བཞུགས་ནས་ཕྱིར་པེ་ཅིན་ལ་ཐོན།

ཙུང་ལི་ལིས་ཁི་ཆང་དང་མཉམ་དུ་འཚམས་འདྲིར་སོང་བའི་ཁོང་གི་ལྕམ་མོ་ཁྲིན་ཧུང་དང་། རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཞའོ་ཅེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥེང་སོགས་གནམ་གྲུ་གཅིག་ཏུ་བསྡད་ནས་པེ་ཅིན་ལ་ཐོན།

པོ་ལིན་དང་འབྲལ་སྐབས། འཇར་མན་སྲིད་གཞུང་གི་འཐུས་མི་དང་འཇར་མན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲི་མེན་ཏི་སོགས་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་ཞུས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།