ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལེན་ཀྲན་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

350364ffd429dec463014b2a83d7a351.jpg

ཟླ7པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ལེན་ཀྲན་གྱིས་ཁྲིད་པའི་ཐེ་ཝན་གྱི་ལས་རིགས་སོ་སོའི་མི་སྣའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ལེན་ཀྲན་གྱིས་ཁྲིད་པའི་ཐེ་ཝན་གྱི་ལས་རིགས་སོ་སོའི་མི་སྣའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་སྐབས་ནན་གྱིས་བསྟན་དོན། མི་ཆོས་ཀྱི་འཕེལ་ཕྱོགས་དང་མི་སེམས་ཀྱི་ཁ་ཕྱོགས་ནི་འགོག་ཐབས་མེད་པ་ཞིག་ཡིན། ང་ཚོར་ཁ་ཕྱོགས་ཡང་དག་དམ་དུ་བཟུང་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་གཏོང་བ་དང་མེས་རྒྱལ་ཞི་བའི་གཅིག་གྱུར་བྱེད་པའི་འཕེལ་རིམ་ལ་བློ་བརྟན་འགྱུར་སྒོས་སྐུལ་འདེད་གཏོང་བའི་ཡིད་ཆེས་ཆེན་པོ་དང་ནུས་པ་འདང་ངེས་ཤིག་ཡོད། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི་གོ་གཉིས་ལོའི་ཐུན་མོང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། ཐེ་ཝན་རང་བཙན་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བཀག་འགོག་བྱེད་པ། མཚོ་འགག་འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ། སྤུན་ཟླའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པར་ལག་རྡང་མཉམ་སྦྲེལ་དང་སེམས་ཤུགས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་གསར་བ་རྩོམ་རྒྱུ་ནི་ངའི་རེ་བ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་དེ། དེའི་རྒྱུ་མཚན་ནི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་གཏོང་བ་དང་ལག་རྡང་མཉམ་སྦྲེལ་གྱིས་མི་རིགས་བསྐྱར་དར་ལ་བརྩོན་པ་ནི་མི་རིགས་ཧྲིལ་པོའི་ཁེ་ཕན་དང་མཐུན་ལ། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ། འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་པ། འགྲམ་གཉིས་ཀྱི་སྤུན་ཟླའི་རྒྱབ་སྐྱོར་ཐོབ་པ་བཅས་ཀྱི་བགྲོད་ལམ་ཡང་དག་ཡིན་པས་རྐྱེན་ཡིན། དེའི་རྒྱུ་མཚན་ནི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཅི་འདྲ་བརྒྱུད་ནའང་། འགྲམ་གཉིས་ཀྱི་སྤུན་ཟླའི་མི་རིགས་དང་རིག་གནས་མོས་མཐུན་དང་བརྩེ་སེམས་ནི་ནམ་ཡང་སོ་སོར་བྲལ་མ་མྱོང་བ་བའི་རྐྱེན་ཡིན། དེའི་རྒྱུ་མཚན་ནི་ལོ་བཅུ་ཕྲག་འགའི་རིང་ལ་འགྲམ་གཉིས་ཀྱི་འབྲེལ་བར་བར་ཆད་སྣ་ཚོགས་བྱུང་ན་ཡང་། སྤྱིའི་གནས་བབ་གོང་དུ་འཕེལ་ཡོད་པའི་རྐྱེན་ཡིན། དེའི་རྒྱུ་མཚན་ནི་འགྲམ་གཉིས་ནི་ཁ་འབྲལ་ཐབས་མེད་ལ་སྐྱིད་སྡུག་མཉམ་མྱོང་གི་ལས་སྐལ་གཅིག་ཏུ་འདྲེས་པའི་ཐུན་མོང་ཚོགས་པ་ཡིན་པའི་རྐྱེན་ཡིན། འགྲམ་གཉིས་ཀྱི་སྤུན་ཟླས་སྔར་ལས་མཛེས་སྡུག་གི་འཚོ་བའི་ཐད་ཀྱི་ཐུན་མོང་གི་འཚོལ་སྙེག་དང་། འགྲམ་གཉིས་ཀྱི་འབྲེལ་བ་ཇེ་དམ་དང་ཇེ་ལེགས་སུ་གཏོང་བའི་ཐད་ཀྱི་གཅིག་གྱུར་འདོད་བློ་ནི་མི་སུས་ཀྱང་འགོག་ཐབས་མེད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཐོག་མའི་སེམས་འདུན་མ་བརྗེད་ན་མཐར་ཐུག་དམིགས་ཡུལ་ལེགས་པར་འགྲུབ་པས། ཡང་དག་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། ལྷག་པར་དུ་དེང་སྐབས་ཀྱི་ཐའེ་ཝན་མཚོ་འགག་གི་གནས་བབ་འོག་ཏུ། འགྲམ་གཉིས་ཀྱི་སྤུན་ཟླས་ལྷག་ཏུ་ཡིད་ཆེས་བརྟན་པོས་མཐུན་སྒྲིལ་མདུན་སྐྱོད་བྱེད་དགོས། གཅིག་ནས་གོ་གཉིས་ལོའི་ཐུན་མོང་ལྟ་བ་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་དང་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་དགོས། གཉིས་ནས་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་བློ་བརྟན་འགྱུར་མེད་ཀྱིས་རྒྱ་བསྐྱེད་ཟབ་སྤེལ་བྱེད་དགོས། གསུམ་ནས་འགྲམ་གཉིས་ཀྱི་སྤུན་ཟླར་བློ་བརྟན་འགྱུར་མེད་ཀྱིས་བདེ་སྐྱིད་བསྐྲུན་དགོས། བཞི་ནས་འགྲམ་གཉིས་ཀྱི་སྤུན་ཟླར་བློ་བརྟན་འགྱུར་མེད་ཀྱིས་མཐུན་སྒྲིལ་བྱས་ཏེ་མི་རིགས་བསྐྱར་དར་ཐད་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།

ཏེན་ཞུའེ་ཞང་དང་། དབྱང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།