ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཡོང་སྒོ་དང་འགྲོ་སོང་གཞན་པའི་རྩིས་བཤེར་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་བཀོད་སྒྲིག་བྱས་ཏེ། ནོར་སྲིད་ཀྱི་སྲིད་ཇུས་བཟང་བོས་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་ཐུབ་པ་དང་། རྒྱལ་ཁོངས་བརྒལ་པའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་སྐོར་ཞིག་གསར་འཛུགས་དང་། རྒྱུན་མཐུད་ངང་ཕྱི་ཕྱོགས་སྒོ་འབྱེད་སྤེལ་བ་དང་ཕྱི་ཕྱོགས་ཉོ་ཚོང་ཚུལ་བསྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། རྩིས་བཤེར་ལྟ་སྐུལ་ལ་གྲོས་འཆམ་བྱུང་བ་མ་ཟད་རྙེད་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱེད་པ། ལམ་ལུགས་དང་དོ་དམ་ཐད་ཀྱི་སྐྱོན་ཆ་ཡོ་བསྲང་བྱེད་པ། ཁྲིམས་འགལ་ལུགས་འགལ་བྱ་བར་ཆད་གཅོད་ནན་མོ་བྱེད་པ་དང་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ན། ནོར་སྲིད་མ་དངུལ་བཀོལ་སྤྱོད་ཀྱི་གྲུབ་འབྲས་མཐོར་འདེགས་བྱེད་པ་དང་། ནོར་སྲིད་སྲིད་ཇུས་བཟང་བོའི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ། དཔལ་འབྱོར་གཏན་འཇགས་ཁྲོད་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ཇེ་བཟང་དུ་གཏོང་བའི་ཐད་་ཕན་འདོགས་ཐུབ་ཟེར། ཚོགས་ཐོག་ནས། 2017ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་བྱེད་པ་དང་ནོར་སྲིད་ཀྱི་ཡོང་སྒོ་དང་འགྲོ་སོང་གཞན་པའི་རྩིས་བཤེར་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་འབྲེལ་ཡོད་སྡེ་ཁག་དང་ས་གནས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་གཙོ་འགན་ཁུར་བ་དང་། རྩིས་ཐོ་དང་དུས་ཚོད་རེའུ་མིག་བཟོས་ནས་མྱུར་དུ་དག་ཐེར་ལེགས་བཅོས་བྱས་ཏེ། ཟླ་བཅུ་བའི་ཟླ་མཇུག་སྔོན་དུ་གྲུབ་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཡར་ཞུ་བྱེད་དགོས་པ་མ་ཟད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་རྗེས་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱེད་དགོས། གཉིས་ནས་ནོར་སྲིད་མ་དངུལ་གྱི་འགྲོ་སོང་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གསོག་དངུལ་བར་མེད་དུ་སྐྱུར་བ་དང་སྔོན་རྩིས་མ་དངུལ་སྟེར་བའི་དུས་ཚོད་འགོར་འགྱངས་བྱེད་པ། ནོར་སྲིད་མ་དངུལ་གཞན་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་ཐག་བཅད་དེ། ཕན་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས། གསུམ་ནས་ནོར་སྲོད་ཀྱི་འགྲོ་སོང་གྲུབ་ཚུལ་ལེགས་སྒྲིག་བྱས་ནས། ནོར་སྲིད་མ་དངུལ་ས་གནས་ཀྱིས་གཅིག་གྱུར་འཆར་འགོད་བྱེད་པའི་བསྡུར་ཚད་མཐོར་འདེགས་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཁོངས་བརྒལ་བའི་གློག་ཚོང་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ནི། བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རྒྱ་སྐྱེད་དང་ཕྱི་གཏོང་ནང་འདྲེན་ཁ་སྣོན་བྱེད་པ། མང་ཚོགས་ཀྱི་འཛད་སྤྱོད་རིམ་སྤོར་དང་རྒྱལ་ནང་གི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་བའི་བྱེད་ཐབས་གལ་ཆེན་ཡིན། 2015ལོའི་ཚུན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་བཙུགས་པའི་ཧང་ཀྲིག་སོགས་རྒྱལ་ཁོངས་བརྒལ་བའི་གློག་ཚོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་བཅུ་གསུམ་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་པ་དང་། རྒྱལ་ཁོངས་བརྒལ་བའི་གློག་ཚོང་གི་བཙོང་འབོར་བསྟུད་མར་ལོ་གཉིས་ནང་ལྡབ་གཅིག་ལྷག་འཕར་ནས། ལས་སྐྲུན་གསར་གཏོད་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།