ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་སྔོ་ཚལ་སྤུས་ཚད་ཚད་གཞིའི་ལྟེ་གནས་བཙུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ཚེས12ཉིན་རྒྱལ་ཡོངས་ཀྱི་སྔོ་ཚལ་སྤུས་ཚད་ཚད་གཞིའི་ལྟེ་གནས་ཧྲན་ཏུང་ཧྲོའུ་ཀོང་དུ་བཙུགས་པ་རེད། ཧྲན་ཏུང་ནི་སྲོལ་རྒྱུན་གྱི་སྔོ་ཚལ་ཞིང་ཆེན་ཆེན་པོ་ཞིག་ཡིན་པ་དང་། ཧྲོའུ་ཀོང་ནི་རྒྱལ་ཡོངས་ཀྱི་སྔོ་ཚལ་ཐོན་སྐྱེད་དང་བསྡུ་འགྲེམ་ལྟེ་གནས་ཆེ་ཤོས་རེད། ཧྲོའུ་ཀོང་ལ་བརྟེན་ནས་ལྟེ་གནས་དེ་སྔོ་ཚལ་གྱི་ཚད་གཞིའི་མ་ལག་གི་ཞིབ་འཇུག་དང་གསར་སྤེལ་ལས་སྟེགས་དང་སྣ་འདུས་རང་བཞིན་གྱི་ཚད་ལྡན་ཅན་གྱི་ཆེད་ལས་ཤེས་ལྡན་པའི་གསོ་སྦྱོང་ལས་སྟེགས། རིགས་ཁག་གི་ཚད་གཞི་ཁྱབ་གདལ་བཀོལ་སྤྱོད་བྱེད་པའི་དཔེ་སྟོན་ལས་སྟེགས། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་དང་ཚད་ལྡན་དུ་གཏོང་བའི་སྤེལ་རེས་ལས་སྟེགས། གནད་སྨིན་འཐུས་ཚང་ལ་ཕྱོགས་སྡོམ་བྱེད་པའི་ཚད་ལྡན་ཅན་གྱི་དཔེ་དབྱིབས་བཅས་སུ་གྱུར་པར་བྱས་ནས་རྒྱལ་ཡོངས་སུ་ཁྱབ་གདལ་དང་བཀོལ་སྤྱོད་བྱས་ཏེ་སྤྱི་ཡོངས་ནས་སྔོ་ཚལ་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

རྒྱལ་ཡོངས་ཀྱི་སྔོ་ཚལ་སྤུས་ཚད་ཚད་གཞིའི་ལྟེ་གནས་སྐྲུན་པའི་ལས་འགན་དེ་2020ལོར་སླེབས་སྐབས་གཞི་རྩའི་ཆ་ནས་ལེགས་གྲུབ་བྱ་རྒྱུ་ཡིན་ཞིང་། ལྟེ་གནས་དེ་སྔོ་ཚལ་གྱི་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་ཚད་གཞི་འདུས་གྲུབ་དང་ཞིབ་སྤེལ་ལྟེ་གནས་དང་། སྔོ་ཚལ་སྤུས་ཚད་ཀྱི་བདེ་འཇགས་ཚོད་སྐོར་དང་སྔོན་བརྡའི་ལྟེ་གནས་སོགས་སུ་བཙུགས་ཏེ་རྒྱལ་ཡོངས་ཀྱི་སྔོ་ཚལ་ཐོན་ལས་ལག་རྩལ་ཆ་འཕྲིན་གྱི་གཅིག་སྡུད་དང་། ཁ་འགྲེམ་བྱ་ཡུལ་དང་སྔོ་ཚལ་ཐོན་སྐྱེད་འཕེལ་རྒྱས་ཀྱི་རླུང་ཕྱོགས་སྟོན་རྟགས་སུ་འགྱུར་བར་བྱ་རྒྱུ་རེད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།