ཀྲུང་གོ་བོད་ཀྱི་དྲ་བ།

​ནོར་སྲིད་པུའུ་ཡིས་རྒྱལ་དབང་མ་རྩའི་དངུལ་གཏོང་དང་ཚོང་གཉེར་ཀུང་ཟིའི་བཅོས་སྒྱུར་ཚོད་ལྟ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན་ཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལྡན་གྱི་སྲིད་ཇུས་ཁྱབ་བསྒྲགས་ཚོགས་འདུའི་སྟེང་། ནོར་སྲིད་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་རྒྱལ་དབང་མ་རྩའི་དངུལ་གཏོང་དང་ཚོང་གཉེར་ཀུང་ཟིའི་བཅོས་སྒྱུར་ཚོད་ལྟ་མྱུར་དུ་སྤེལ་རྒྱུ་ཡིན་ཞེས་བསྟན།

རྒྱལ་དབང་མ་རྩའི་དངུལ་གཏོང་དང་ཚོང་གཉེར་ཀུང་ཟི་ནི་རྒྱལ་ཁབ་ཀྱིས་ཆོག་མཆན་གནང་བའི་ཁྱབ་ཁོངས་ནང་རྒྱལ་དབང་མ་རྩའི་དངུལ་གཏོང་པའི་འགན་ནུས་ལག་བསྟར་བྱེད་པའི་རྒྱལ་དབང་མ་རྩ་ཁེར་འཇོག་ཀུང་ཟི་ཡིན་ལ། རྒྱལ་དབང་མ་རྩ་ཁྲོམ་ར་ཅན་དུ་འཁོར་གཉེར་བྱེད་པའི་ཆེད་ལས་སྟེགས་བུ་ཡིན། ཚོད་ལྟའི་ནང་དོན་ལ་ཀུང་ཟིའི་བྱེད་ནུས་གཏན་ཁེལ་དང་། བཙུགས་གྲུབ་རྣམ་པ། ཆོག་མཆན་རྣམ་པ། བཅོས་སྐྱོང་སྒྲིག་གཞི། འཁོར་སྐྱོད་རྣམ་པ། ལྟ་སྐུལ་ཚོད་འཛིན་རྐྱེན་སྲོལ་སོགས་ཚང་མ་གཏན་ཁེལ་བྱས་ཡོད་ལ། གོ་རིམ་རྗེས་མའི་ཚོད་ལྟའི་བྱ་བ་དག་རིམ་པ་བཞིན་དུ་རྩ་འཛུགས་དང་རིགས་བགར་ནས་ལག་བསྟར་བྱེད་རྒྱུ་རེད།

འབྲེལ་ཡོད་འགན་ཁུར་པས་བཤད་རྒྱུར། རྒྱལ་དབང་མ་རྩའི་དངུལ་གཏོང་དང་ཚོང་གཉེར་ཀུང་ཟི་སྒྲིག་འཛུགས་བྱས་པ་བརྒྱུད་དེ། རྒྱལ་དབང་མ་རྩ་ལུགས་མཐུན་སྒོས་འཁོར་རྒྱུག་བྱེད་པ་དང་། རྒྱལ་དབང་མ་རྩའི་སྒྲིག་གཞི་ལེགས་སྒྱུར་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་ཞབས་འདེགས་སྔར་ལས་བཟང་པོ་ཞུ་ཐུབ་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།