ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེན་མོ་ཁག་ཅིག་བསྐོ་བཞག་དང་ཕྱིར་འཐེན་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབ་ལྟར། གཤམ་གསལ་གྱི་ཕྱི་རྒྱལ་ལ་བཅའ་སྡོད་གཞུང་ཚབ་ཆེན་མོ་ཁག་ཅིག་བསྐོ་བཞག་དང་ཕྱིར་འཐེན་གནང་ཡོད།

གཅིག ཧྥུ་ཧྭ་ཆང་ཡི་ཅི་པུ་ཐིར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཆ་ཚང་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་མེད་པ་བཟོ་རྒྱུ་དང་། ཀྲོ་རུད་ཧྲེང་ཅི་པུ་ཐིར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཆ་ཚང་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱ་རྒྱུ།

གཉིས། ཝུ་ཅེ་ཡི་ཆ་ཏེར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཆ་ཚང་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་མེད་པ་བཟོ་རྒྱུ་དང་། ལི་ཅིན་ཅིན་ ཆ་ཏེར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཆ་ཚང་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱ་རྒྱུ།

གསུམ། ཝང་ཧྲེ་ཐིང་ཡི་མ་ལ་ཝི་སྤྱི་མཐུན་རྒྱལ་ཁབ་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཆ་ཚང་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་འགན་གནས་མེད་པ་བཟོ་རྒྱུ་དང་། ལེའུ་ཧུང་ཡང་མ་ལ་ཝི་སྤྱི་མཐུན་རྒྱལ་ཁབ་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཆ་ཚང་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱ་རྒྱུ་བཅས་རེད།    །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།