ཀྲུང་གོ་བོད་ཀྱི་དྲ་བ།

​ཁྲིམས་འཛིན་པུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྒྲུབ་སློབ་གསོའི་ཡར་སྐུལ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་བཟོ་བཅོས་འཆར་ཟིན་གྱི་སྐྱེལ་ཞིབ་མ་ཡིག་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཁྲིམས་འཛིན་པུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྒྲུབ་སློབ་གསོའི་ཡར་སྐུལ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་བཟོ་བཅོས་འཆར་ཟིན་གྱི་སྐྱེལ་ཞིབ་མ་ཡིག་ཁྱབ་སྒྲོག་བྱས་ཏེ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བསམ་འཆར་བསྡུ་ལེན་བྱས། སྐྱེལ་ཞིབ་མ་ཡིག་ལས་སློབ་གསོའི་བྱ་བ་ཚད་ལྡན་དུ་གཏོང་བ་དང་། སློབ་གསོའི་སློབ་གཉེར་བརྒྱུད་རིམ་ལག་བསྟར་བྱེད་པ་དང་གསོ་སྦྱོང་སློབ་གསོ། མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་བཀོལ་སྤྱོད་བྱེད་པར་སློབ་གསོའི་ཞབས་ཕྱི་འདོན་སྤྲོད་བྱེད་པ་སོགས་གཏན་འཁེལ་བྱས་ཡོད།

སྐྱེལ་ཞིབ་མ་ཡིག་ལས་དམངས་སྒྲུབ་སློབ་གྲྭ་འཛུགས་པ་དང་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དམངས་སྒྲུབ་སློབ་གྲྭའི་ནང་ཁུལ་གྱི་བཅོས་སྐྱོང་དང་སློབ་སྒྲུབ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྡེ་ཚོགས་ཅན་གྱི་སློབ་སྒྲུབ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། གསོ་སྦྱོང་སློབ་གསོའི་སྒྲིག་གཞི་ཚད་ལྡན་དུ་གཏོང་བ། སློབ་སྒྲུབ་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ། དགེ་རྒན་གྱི་ཁེ་དབང་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ། ལྟ་སྐུལ་དོ་དམ་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་སོགས་ཕྱོགས་སུ་ལེགས་སྒྲིག་བྱས་ཡོད།

སྤྱི་ཚོགས་ཀྱི་ལས་རིགས་སོ་སོས2018ལོའི་ཟླ9བའི་ཚེས10ཉིན་གྱི་སྔོན་ལ་ཀྲུང་གོ་སྲིད་གཞུང་ཁྲིམས་ལུགས་ཆ་འཕྲིན་དྲ་བ་སོགས་བརྒྱུད་ནས་བཟོ་བཅོས་མ་ཡིག་ལ་བསམ་འཆར་འདོན་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།