ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ7པའི་ནང་རང་རྒྱལ་གྱི་དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་བྱས་པ་དང་སྒྲིག་གཞི་མུ་མཐུད་དུ་ལེགས་སྒྱུར་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས14ཉིན། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་ཁྱབ་སྒྲོག་བྱས་པའི་ཆེས་གསར་བའི་དཔལ་འབྱོར་གཞི་གྲངས་ལྟར་ན། ད་ལོའི་ཟླ7པའི་ནང་རང་རྒྱལ་གྱི་དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་བྱས་པ་དང་སྒྲིག་གཞི་མུ་མཐུད་དུ་ལེགས་སྒྱུར་བྱུང་།

བཟོ་ལས་ཕྱོགས་ནས་བཤད་ན། ད་ལོའི་ཟླ7པའི་ནང་རྒྱལ་ཡོངས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་རིན་དེ་དོན་དངོས་དང་བསྡུར་ན་བརྒྱ་ཆའི་དྲུག་འཕར་ཞིང་འཕར་ཚད་ཟླ་སྔོན་མ་དང་འདྲ་མཉམ་ཡིན་ལ། བཟོ་ལས་ཐོན་སྐྱེད་བརྟན་བརླིང་ཡིན།

ཞབས་ཕྱི་ལས་རིགས་ཕྱོགས་ནས་བཤད་ན། ད་ལོའི་ཟླ7པའི་ནང་རྒྱལ་ཡོངས་ཞབས་ཕྱི་ལས་རིགས་ཀྱི་ཐོན་སྐྱེད་དམིགས་ཚད་དེ་བརྒྱ་ཆའི་བདུན་དང་གྲངས་ཆུང་དྲུག་འཕར་ཞིང་དེའི་ནང་དུ་འཐབ་ཇུས་རང་བཞིན་གྱི་གསར་དར་ཞབས་ཕྱི་ལས་རིགས་དང་ཚན་རྩལ་ཞབས་ཕྱི་ལས་རིགས། ལག་རྩལ་མཐོ་བའི་ཞབས་ཕྱི་ལས་རིགས་དང་བདག་གཉེར་ལས་རིགས་ཀྱི་ཡོང་སྒོ་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་།

དངུལ་གཏོང་ཕྱོགས་ནས་བཤད་ན། ད་ལོའི་ཟླ1པོ་ནས་ཟླ7པའི་བར། རྒྱལ་ཡོངས་ཀྱི་བརྟན་འཇགས་མ་རྩ་སྒོར་མོ་དུང་ཕྱུར་འབུམ་གསུམ་དང་ཁྲི་ལྔ་སྟོང་ལྔ་ལྷག་བཏང་བ་དང་དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ལྔ་ལྷག་འཕར་ཞིང་དངུལ་གཏོང་སྒྲིག་གཞི་རྒྱུན་མཐུད་སྒོས་ལེགས་བཅོས་བྱུང་།

ལས་ཞུགས་ཕྱོགས་ནས་བཤད་ན། ད་ལོའི་ཟླ1པོ་ནས་ཟླ7པའི་བར། མཁར་གྲོང་དུ་ལས་ཞུགས་མི་གྲངས་ས་ཡ་བརྒྱད་དང་འབུམ་བརྒྱད་ཁ་སྣོན་བྱས་པ་དང་དེ་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་མི་གྲངས་འབུམ་གཉིས་ཁྲི་ལྔ་འཕར་སྣོན་བྱུང་བ་དང་ལོ་ཧྲིལ་བོའི་དམིགས་འབེན་གྱི་བརྒྱ་ཆའི་བརྒྱད་ཅུ་ཡོངས་འགྲུབ་བྱས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།