ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་དབྱང་ཅིན་རིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། བློ་མཐུན་དབྱང་ཅིན་རིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་ཚོགས་འདུའི་སྔོན་ལ་བློ་མཐུན་དབྱང་ཅིན་རིན་གྱི་གཉེན་ཉེ་ལ་ཐུག་འཕྲད་བྱས།

བློ་མཐུན་དབྱང་ཅིན་རིན་ནི་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་བྱ་བའི་ཕུལ་བྱུང་འགོ་ཁྲིད་པ་ཡིན་ལ། སྔོན་ཆད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་སྐབས་ལྔ་བ་དང་དྲུག་པ། བདུན་པ། བརྒྱད་པ་བཅས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་དབྱང་ཅིན་རིན་གྱི་འོད་སྟོང་འབར་བའི་མི་ཚེ་ལ་དྲན་གསོ་བྱས། ཁོས་བསྟན་དོན། བློ་མཐུན་དབྱང་ཅིན་རིན་གྱི་ཆོད་སེམས་བརྟན་པོ་དང་ཏང་ལ་བློ་དཀར་བའི་ཆབ་སྲིད་གཤིས་བཟང་དང་ཁྱོན་ཡོངས་དང་སྤོབས་པ་ཆེན་པོས་འགན་འཁྲི་ཁུར་ཕོད་པའི་ཁག་ཁུར་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པ་དང་། བདེན་ལུགས་རྒྱུན་འཁྱོངས་དང་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་བཟང་བོ་དང་ནམ་ཡང་མི་དམངས་བསམ་ཞིང་སྒེར་སེམས་མེད་པར་བྱས་རྗེས་འཇོག་པའི་བླ་མེད་སྤྱོད་བཟང་ལ་སློབ་སྦྱོང་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།