ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡིག་ཆ་གསུམ་ཡོངས་བསྒྲགས་བྱས་ཏེ་དྲ་སྦྲེལ་གྱི་ནད་བརྟག་སྨན་བཅོས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་དང་མཉམ་དུ་བཟོས་པའི་《དྲ་སྦྲེལ་གྱི་ནད་བརྟག་སྨན་བཅོས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང་། 《དྲ་སྦྲེལ་སྨན་ཁང་གི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》《རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་དོ་དམ་ཚད་གཞི(ཚོད་ལྟའི་ལག་བསྟར)》བཅས་ཡིག་ཆ་གསུམ་ངོ་སྤྲོད་བྱས་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་སྲིད་སྨན་བཅོས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅའོ་ཡ་ཧུའེ་ཡིས་ཡིག་ཆ་བཏོན་པའི་དམིགས་ཡུལ་ནི་དྲ་སྦྲེལ་བརྒྱུད་ནད་བརྟག་སྨན་བཅོས་ཀྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་། རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ། སྨན་བཅོས་ཞབས་ཞུའི་ལས་ཕྱོད་སྔར་བས་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

སྤྱོད་མཁན་དང་ཞབས་ཞུ་བྱེད་ཐབས་གཞིར་བཟུང་། ཡིག་ཆའི་ནང“དྲ་སྦྲེལ+སྨན་བཅོས་ཞབས་ཞུ”དེ་རིགས་གསུམ་ལ་དབྱེ་བ་སྟེ། རིགས་དང་པོ་ནི་རྒྱང་ཁྲིད་སྨན་བཅོས་དང་། རིགས་གཉིས་པ་ནི་དྲ་སྦྲེལ་གྱི་ནད་བརྟག་སྨན་བཅོས་བྱེད་སྒོ། རིགས་གསུམ་པ་ནི་དྲ་སྦྲེལ་སྨན་ཁང་བཅས་རེད། རིགས་གཉིས་པ་དང་གསུམ་པ་ནི་སྨན་བཅོས་སྒྲིག་གཞིས་དྲ་སྦྲེལ་བརྒྱུད་ནད་པར་ཞབས་འདེགས་ཞུ་རྒྱུ་ཡིན་པ་དང་། ཡིག་ཆའི་ནང་ད་དུང་དྲ་སྦྲེལ་སྨན་ཁང་དང་དྲ་སྦྲེལ་གྱི་ནད་བརྟག་སྨན་བཅོས་བྱེད་སྒོའི་འཇུག་འཐུས་གོ་རིམ་དང་དྲ་སྦྲེལ་སྨན་ཁང་གི་ཁྲིམས་ལུགས་ཀྱི་འགན་འཁྲིའི་འབྲེལ་བ་ཁ་གསལ་བཏོན་ཡོད།

ཅའོ་ཡ་ཧུའེ་ཡིས་ཡིག་ཆའི་མི་འདྲ་བའི་ས་ནི“དྲ་སྦྲེལ+སྨན་བཅོས”ལ་རིགས་དབྱེའི་དོ་དམ་བྱས་པ་དང་དྲ་སྦྲེལ་ལག་རྩལ་སྤྱད་དེ་ནད་བརྟག་སྨན་བཅོས་དང་སྨན་བཅོས་ཀྱི་ལས་སྒོ་གཙོ་བོར་དམིགས་ནས་དེ་མཚུངས་ཀྱི་ལེ་ལག་ཚང་བའི་དོ་དམ་བྱེད་ཐབས་བཏོན་པ་དེ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ས་གནས་ཁག་དང་མཉམ་དུ་ཡིག་ཆ་གསུམ་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་དྲ་སྦྲེལ་གྱི་སྨན་བཅོས་ཞབས་ཞུའི་ལས་རྣམ་གསར་པའི་འཇུག་འཐུས་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དྲ་སྦྲེལ་གྱི་སྨན་བཅོས་ཞབས་ཞུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་པའི་སྲིད་ཇུས་ཀྱི་ཁོར་ཡུག་བཏོད་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཁེ་དབང་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།