ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཝུའུ་ཙི་པེ་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཁྲིམས་འཛུགས་གླིང་གི་ཀྲུའུ་ཞི་དབྱི་སི་མོ་དབྱི་ལོ་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུའུ་ཙི་པེ་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཁྲིམས་འཛུགས་གླིང་གི་ཀྲུའུ་ཞི་དབྱི་སི་མོ་དབྱི་ལོ་ཧྥུའུ་དང་གྲོས་མོལ་མཛད། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅོ་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུའུ་ཙི་པེ་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཁྲིམས་འཛུགས་གླིང་གི་ཀྲུའུ་ཞི་དབྱི་སི་མོ་དབྱི་ལོ་ཧྥུའུ་དང་གྲོས་མོལ་མཛད། 

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། དར་གོས་ཚོང་ལམ་གྱིས་ཀྲུངགོ་དང་ཝུའུ་ཙི་པེ་ཁི་སི་ཐན་མི་དམངས་ཀྱི་དུས་རབས་མཛའ་མཐུན་འབྲེལ་བར་བདེན་དཔང་བྱས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་སྣེ་ཁྲིད་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་ཡོད། རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་ཉེར་དྲུག་འགོར་བའི་རིང་དང་ལྷག་པར་དུ་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། ཆབ་སྲིད་ཡིད་ཆེས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས། མི་གཞུང་བརྗེ་རེས། འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྐྱིད་སྡུག་མཉམ་ཁུར་གྱི་ཁྱིམ་མཚེས་བཟང་བོ་དང་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་བོ། མཉམ་ལས་གཉིས་རྒྱལ་གྱི་ཚོང་གྲོགས་བཟང་བོ་བཅས་སུ་གྱུར་ཡོད་ཟེར།

 ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ལོ་ལྔའི་ཡར་སྔོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དབུས་ཁུལ་དུ་འཚམས་འདྲི་བྱེད་སྐབས་ཐོག་དང་པོར་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་དང་། ཝུའུ་ཙི་པེ་ཁི་སི་ཐན་ནི་ཆེས་ཐོག་མར་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་མཁན་དང་འགུལ་སྐྱོད་བྱེད་མཁན་ཡིན་པར་མ་ཟད། ཆེས་ཐོག་མར་ཁེ་ཕན་ཐོབ་མཁན་གྱི་རྒྱལ་ཁབ་ཁྲོད་ཀྱི་གཅིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་གཞོགས་འདེགས་དམ་པོ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ནས་སྔར་ལས་མང་པོའི་དངོས་གཉེར་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

དབྱི་སི་མོ་དབྱི་ལོ་ཧྥུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་སེམས་ཁུར་དང་སྐུལ་འདེད་བྱས་འོག ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གྱུར་ཡོད། ཝུའུ་ཙེ་པེ་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་སྔར་ལས་ཇེ་དམ་དུ་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་པའི་ཕྱོགས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་བཅའ་ཁྲིམས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།