ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གང་མང་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་གང་མང་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་བ་དང་། ཕྱི་རྒྱལ་གྱི་འགོ་གཙོ་དང་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་ཀྲུང་གོ་འཕེལ་རྒྱས་སུ་སོང་བ་དེས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་པར་མ་ཟད་འཛམ་གླིང་ཡོངས་ལ་ཁེ་ཕན་མང་པོ་སྐྲུན་པ་དང་། ཀྲུང་གོའི་མ་འོངས་པ་སྔར་ལས་མཛེས་སྡུག་ཅན་དུ་འགྱུར་ཐུབ་པར་ཁོ་ཚོར་ཡིད་ཆེས་ཡོད་ཅེས་བསྟན།

ཁ་ན་ཏ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རོལ་མོའི་དགོང་ཚོགས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་རྟེན་འབྲེལ་ཞུས། ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་རྣམས་ཀྱིས་ཀྲུང་གོ་གསར་བར་རྟེན་འབྲེལ་ཞུས་པ་དང་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས།

ཨ་ཀེན་ཐིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པའི་ཡུལ་དངོས་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྐོར་གྱི་པར་རིས་འགྲེམ་སྟོན་བྱས། ཚོགས་འདུར་ཞུགས་པའི་མགྲོན་པོ་རྣམས་ཀྱིས་ཀྲུང་གོ་གསར་བའི་འཛུགས་སྐྲུན་གྲུབ་འབྲས་ལ་གཟེངས་བསྟོད་བྱས།

ཞི་ལ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྡུས་པའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་ལས་རིགས་སོ་སོའི་མི་སྣས་ཀྲུང་གོ་དར་རྒྱས་གོང་འཕེལ་དུ་སོང་བར་མཉམ་དུ་སྨོན་འདུན་ཞུས།

ཁོང་ཀོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྡུས་པའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་ཡུལ་དངོས་སུ་ས་གནས་ཀྱི་དཔོན་རིགས་རྣམས་ཀྱིས་ཀྲུང་གོ་འཕེལ་རྒྱས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད་དེའི་ཁྲོད་ནས་འཕེལ་རྒྱས་ཀྱི་ཉམས་མྱོང་གང་མང་བསྡུ་ལེན་བྱེད་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།