ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། མེས་རྒྱལ་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་བླངས་བའི་རླབས་ཆེན་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་ཀྲུང་གོ་དང་འཛམ་གླིང་གི་རིགས་སོ་སོའི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་བྱས།

མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་རུ་རྒྱུན་སྡོད་བྱེད་པའི་ཀྲུང་གོའི་གཞུང་སྒྲུབ་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་འཐུས་ཚབ་ཚོགས་པ་གཞན་པ། འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་རྒྱུན་སྡོད་བྱས་པའི་འཐུས་མི་སོགས་ཀྱིས་རི་ནེ་ཝ་ནས་མཉམ་འབྲེལ་སྒོས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་དང་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་འཐུས་མི། དེ་མིན་ཨུ་རུ་སི་དང་ཨ་མེ་རི་ཁ། འཇར་མན། དབྱིན་ཇི། ཧྥ་རན་སི་སོགས་རྒྱལ་ཁབ་མང་པོའི་འཐུས་མི་སྣེ་ལེན་ཚོགས་འདུར་ཞུགས། ཚོགས་ཞུགས་མགྲོན་པོ་རྣམས་ཀྱིས་སྨོན་འདུན་ཞུས་པར་མ་ཟད་ཀྲུང་གོའི་མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ཡིད་ཆེས་ཁེངས་པའི་བསམ་ཚུལ་བསྟན།

ཨ་ཧྥེ་རི་ཁའི་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཚོགས་པ། ཨེ་ཙེ་ཨོ་ཕི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཡ་ཏི་སི་ཡ་པེ་པ་ནས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་དང་ཨེ་ཙེ་ཨོ་ཕི་ཡ་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་ཨེ་ཙེ་ཨོ་ཕི་ཡ་རུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོ་དང་མཛའ་མཐུན་མི་སྣ་སོགས་ཚོགས་འདུར་ཞུགས། ཚོགས་འདུར་ཞུགས་པའི་མགྲོན་པོ་རྣམས་ཀྱིས་བཤད་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པས་མཉམ་དུ་སྐུལ་འདེད་བཏང་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་མྱུར་དུ་འཕེལ་རྒྱས་སུ་སོང་ནས་ཕྱོགས་ཡོངས་ཀྱི་མཉམ་ལས་རྣམ་པ་ཆགས་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མ་འོངས་པའི་མཉམ་ལས་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ཕེ་རུའི་རྒྱལ་ས་ལིས་མ་ནས་བསྡུས་པའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་། ཙུང་ཐུང་པུས་སི་ལ་ཁ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད་ས་གནས་ཀྱི་ཀྲུང་གོ་བ་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

ཕ་ན་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྣམ་པ་སྣ་ཚོགས་སྤྱད་དེ་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།