ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་མན་གྱི་པོ་མ་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཁི་ལུའུ་ཀི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1539219976823465.jpg

ཟླ་བཅུ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཇར་མན་གྱི་པོ་མ་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཁི་ལུའུ་ཀི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཇར་མན་གྱི་པོ་མ་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཁི་ལུའུ་ཀི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་བར་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན། ང་ཚོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང་སྒོ་འབྱེད་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་ཡིན་ལ། ཀྲུང་གོ་མུ་མཐུད་དང་ཡུན་རིང་ལ་ཕྱི་ཕྱོགས་ཚོང་བའི་དངུལ་གཏོང་གི་རྒྱལ་ཁབ་ཏུ་འགྱུར་བར་བྱེད་ངེས་ཡིན། ང་ཚོས་འཇར་མན་གྱི་ཁེ་ལས་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་གོར་མ་དངུལ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་སྔར་ལས་བཟང་བའི་སྒོ་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་བ་ཡིན་ཟེར།

ཁི་ལུའུ་ཀི་ཡིས་བཤད་རྒྱུར། ཀྲུང་གོ་ནི་པོ་མ་ཀུང་ཟིའི་ཆེས་ཆེ་བའི་ཚོང་ར་ཡིན་པས། ང་ཚོས་ཀྲུང་གོར་མ་དངུལ་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཀྲུང་གོ་བར་གྱི་མཉམ་ལས་སྔར་ལས་རྒྱ་སྐྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།