ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧྥ་རན་སིའི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས18ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུའུ་ལུའུ་སེར་ནས་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་འགོ་གཙོའི་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུའུ་ལུའུ་སེར་ནས་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་འགོ་གཙོའི་གྲོས་ཚོགས་ལ་ཞུགས་པའི་སྐབས་སུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

ལིས་ཁི་ཆིང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཁི་ལུང་ལ་གནང་བའི་འཚམས་འདྲི་བརྒྱུད་སྒྲོག་བྱས། ལིས་ཁི་ཆང་གིས་བསྟན་དོན། ཙུང་ཐུང་སྐུ་ཞབས་དང་ཙུང་ལི་ཧྥེ་ལིས་ཕུའུ་གཉིས་ཀྱིས་ད་ལོར་སྔ་གཞུག་ཏུ་ཀྲུང་གོར་འཚམས་འདྲི་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་བ་དང་གྲུབ་འབྲས་གསར་བ་བླངས་ཟེར། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་ཧྥ་རན་སིའི་བར་གྱི་ཕྱོགས་གཉིས་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་པ་དང་། ཉོ་ཚོང་དང་དངུལ་གཏོང་ཐད་ནས་དོ་མཉམ་འཕར་སྣོན་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་དྲང་ཕྱོགས་ཀྱི་སྔོན་དཔག་འདོན་སྤྲོད་བྱེད་འདོད་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་དངུལ་གཏོང་ཆོད་དོན་གྲོས་མོལ་དང་ཀྲུང་གོ་དང་ཧྥ་རན་སིའི་དངུལ་གཏོང་མཉམ་ལས་འགལ་མེད་མཉམ་གནས་ཡིན་པས། དུས་གཅིག་ཏུ་སྤེལ་ཆོག་ལ།  ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་དུ་བློ་བརྟན་འགྱུར་མེད་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྒྲིལ་དང་གཏན་འཇགས། འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ང་ཚོས་ཧྥ་རན་སི་དང་ཡོ་རོབ་གླིང་དང་མཉམ་དུ་སྒྲིག་སྲོལ་གཞིར་བཟུང་བའི་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་གོ་རིམ་རྗེས་མའི་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་འཆར་གཞི་མྱུར་དུ་གཏན་ཁེལ་བྱེད་འདོད་ཡོད་པ་དང་། ཧྥ་རན་སི་ཕྱོགས་ཀྱི་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོའི་བར་གྱི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་དང་ནམ་ཟླའི་འགྱུར་ལྡོག་སོགས་གནད་དོན་སྟེང་གི་བརྗེ་རེས་དང་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།