ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་དང་པོར་ཞུགས་པའི་ཕྱི་རྒྱལ་གྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་ཁྲིད་མི་སྣའི་མིང་ཐོ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་རྒྱལ་སྤྱི་ནང་འདྲེན་འགྲེམ་ཚོགས་སྐབས་དང་པོ་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་ཉིན་བར་ཧྲང་ཧེ་ནས་བསྡུ་རྒྱུན་ཡིན་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། ཅེ་ཁི་ཡི་ཙུང་ཐུང་ཙིག་མན་དང་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏེ་ཡཱ་སི.ཁཱ་ནེར། ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏེ་ནཱ། ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐཱ། ལུ་ཐུ་ཕན་གྱི་ཙུང་ཐུང་གུ་ལིས་པའོ་སི་ཁེ་ཐི། ཕ་ན་མའི་ཙུང་ཐུང་པཱ་ལེ་ལ། སར་ཝ་ཏོལ་གྱི་ཙུང་ཐུང་སང་ཆེ་སི། ཁོ་གི་གླིང་ཚོམ་གྱི་ཙུང་ལི་པུའུ་ནཱ། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་པེ་ཨར་སའེ། ཨ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལིས། ཧང་ག་རིའི་ཙུང་ལི་ཨོ་ཨར་པན། ལའོ་ཝུའོ་ཡི་ཙུང་ལི་ཐུང་ལུན། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧྭན། ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ། ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ། ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི། གུ་ལུའུ་ཅི་ཡའི་ཙུང་ལི་པཱ་ཧྭི་ཐ་ཙིག ་བཅས་འགྲེམ་སྟོན་ཚོགས་འདུར་ཞུགས་རྒྱུ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།